ཟླ་རེའི་གསར་འགྱུར།

སློབ་གྲྭའི་འགོ་ཁྲིད་སློབ་ཚན་དང་འབྲེལ་བའི་སློབ་ཡོན་གསལ་བསྒྲགས།

༄༅། །གཏན་ཉིན་སློབ་གྲྭ་ཁག་གི་འགོ་ཁྲིད་རྣམས་ཀྱི་འཇོན་ཐང་དང་ནུས་རྩལ་གོང་མཐོར་གཏོང་རྒྱུ་དང་། སློབ་གྲྭའི་འགོ་ཁྲིད་ཀྱི་གནས་བབ་དང་འཛིན་སྐྱོང་ཚགས་ཚུད་ཡར་རྒྱས་བཏང་བ་བརྒྱུད་སྤྱི་ཡོངས་ཀྱི་སློབ་གྲྭའི་ལས་དོན་ཡར་རྒྱས་གཏོང་ཐབས། མ་འོངས་སློབ་གྲྭའི་འགོ་ཁྲིད་གསོ་སྐྱོང་བཅས་ལ་དམིགས་ཏེ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ལོར་གཤམ་གསལ་སློབ་ཚན་ཁག་གཉིས་ཀྱི་ཆེད་དུ་སློབ་ཡོན་གྲངས་ ༢༠ གནང་རྒྱུ་ཡིན་པས། ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ནས་གཤམ་འཁོད་སློབ་ཚན་ཁག་གཉིས་ལས་གཅིག་བདམས་ཏེ་དྲ་ཐོག་ནས་འཚང་སྙན་ཕུལ་དགོས།

ཀ༽  སློབ་ཚན།

༡།  Post Graduate Diploma in School Leadership and Management (PGDSLM)

      http://www.ignou.ac.in/upload/programme/PGDSLM%20%282%29_compressed.pdf

༢།  Post Graduate Diploma in Educational Management and Administration (PGDEMA)

      http://www.ignou.ac.in/upload/programme/PGDEMA-compressed.pdf

གོང་གསལ་སློབ་ཚན་གཉིས་ཀྱི་ནང་དོན་ཞིབ་ཕྲ་དང་དེབ་སྐྱེལ་གནང་ཕྱོགས་ཀྱི་ལམ་སྟོན་སོགས་གཙུག་ལག་སློབ་གཉེར་ཁང་གི་གཤམ་གསལ་ངོ་སྤྲོད་ཡིག་ཆ་(Prospectus)ཕབ་ལེན་གྱིས་ཤེས་རྟོགས་ཐུབ།

http://ignou.ac.in//userfiles/Common-Prospectus-English.pdf

 

ཁ༽  འོས་ཆོས་དང་། དགོས་མཁོའི་ཡིག་ཆ་ཁག

༡།    རྒྱ་གར་ནང་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་གང་རུང་ནང་ཕྱག་ལས་གནང་བཞིན་པའི་སློབ་སྤྱི་འམ་དགེ་ཆེ། དགེ་ཆེ་ལས་རོགས་བཅས་ཡིན་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

༢།    རྒྱ་གར་ནང་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་གང་རུང་ནང་ཉུང་མཐར་ལོ་ལྔའི་ཉམས་མྱོང་ལྡན་པའི་གཞི་རིམ་གོང་འོག་བར་གསུམ་གྱི་དགེ་རྒན་ཞིག་ཡིན་པ།

༣།    ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ (༥༠ %) དང་དགེ་རྒན་འོས་སྦྱོང་ཐོན་པ།

༼ལག་འཁྱེར་ཁག་གཤམ་གསལ་སྦྲེལ་ཐག་བརྒྱུད་ཡར་འཇུག་གནང་དགོས།༽

༤།    འབྲེལ་ཆགས་སློབ་གྲྭའི་ལས་ཁུངས་ནས་དོ་བདག་གི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༠ ཟླ་ ༣ བར་གཙང་ཕུལ་ཟིན་པ་དང་། རྒྱ་གར་ནང་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་བཅས་ཀྱི་རྒྱབ་གཉེར་ཡི་གེ།

༼རྒྱབ་གཉེར་ཡི་གེ་གཤམ་གསལ་སྦྲེལ་ཐག་བརྒྱུད་ཡར་འཇུག་གནང་དགོས།༽

༥།    འཚང་སྙན་འབུལ་མཁན་སློབ་གྲྭའི་འགན་འཛིན་ཡིན་ཚེ། རྒྱབ་གཉེར་ཡི་གེ་འབྲེལ་ཡོད་སློབ་སྡེའི་སྤྱི་ཁྱབ་ཡིག་ཚང་ནས་ལེན་དགོས།

ག༽  འཚང་སྙན་གྱི་མཐའ་མའི་དུས་བཀག

     ཆ་རྐྱེན་ཚང་བ་རྣམས་ནས་གཤམ་འཁོད་སྦྲེལ་ཐག་བརྒྱུད་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༡ ཕྱི་དྲོ་ཆུ་ཚོད་ ༤།༠༠ འགྱངས་མེད་དྲ་ཐོག་ནས་འཚང་སྙན་ཕུལ་དགོས།

དྲ་ཐོག་འཚང་སྙན་འགེངས་ཤོག

 

ང༽  འབྲེལ་གཏུག་གནང་ཡུལ།

བསྟན་འཛིན་རྡོ་རྗེ། གློག་འཕྲིན་ཁ་བྱང་། [email protected]

སྔོན་མ།
རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་སྔ་ལས་ཡར་རྒྱས་བྱུང་བ།
ཕྱི་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པ་ལེགས་གྲུབ་ཟིན་པ།
Menu