ཟླ་རེའི་གསར་འགྱུར།

༄༅། །ཕྱི་ལོ་ ༢༠༢༤ ལོའི་ཤེས་རིག་སྨན་པའི་བར་བཞག་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བར་བཞག་སློབ་ཡོན་གྲངས་ ༢༠ ཡོད་པའི་གསལ་བསྒྲགས་སུ། འཛིན་རིམ་བཅུ་གཉིས་ནང་ཚན་རིག་སློབ་ཚན་ཐོན་ཏེ་ཕྱི་ལོ་ ༢༠༢༥  ལོར་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པའི་ཚུད་རྒྱུགས་གྲ་སྒྲིག་གནང་བློ་ཡོད་རིགས་ནས་བར་བཞག་སློབ་ཡོན་ཆེད་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པར་དྲྭ་ཐོག་ཁོ་ནའི་བརྒྱུད་འབུལ་དགོས། འཚང་སྙན་འབུལ་ཆེད་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་ཐོག་ཕྱི་ལོ་ ༢༠༢༤  ཟླ་  ༠༧  ཚེས་  ༥ ཆུ་ཚོད་ ༡༡།༥༩ ནང་ཚུད་སྙན་ཞུ་ཕུལ་ཟིན་དགོས།

 https://forms.gle/5YcCW6TXnAN7kqjJ6

བར་བཞག་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ།

༡།   ཤེས་རིག་སློབ་ཡོན་འགེང་ཤོག་ ༼ཀ་པ།༽ ཞིབ་བཀང་གིས་འབྲེལ་ཡོད་ས་གནས་འགོ་འཛིན་ནས་དག་མཆན་ཞུས་ཏེ་འབུལ་དགོས།

༢།   འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས་འབུལ་དགོས། དེ་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཚན་རིག་ ༼PCB༽ གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་དང་། གཞན་ཡང་སློབ་ཡོན་སྒྲིག་གཞི་གཞིར་བཟུང་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་རྒྱུགས་འབྲས་ཀྱི་ཆ་སྙོམས་བརྒྱ་ཆ་རྩིས་བསྐོར་གྱིས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་དགོས།

༣།  སློབ་ཡོན་སྒྲིག་མཐུན་ལྟར་བོད་ཡིག་རྒྱུགས་འབྲས་ཀྱི་བརྒྱ་ཆ་ ༢༥ ཐོབ་པར་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་རྒྱུགས་འབྲས་སུ་བོད་ཀྱི་སྐད་ཡིག་ལ་བརྒྱ་ཆ་ ༣༣ ཡན་ལོན་པ་དགོས། འཛིན་རིམ་བཅུ་གཉིས་ལ་བོད་ཡིག་སློབ་ཚན་མེད་རུང་སྙན་ཞུ་འབུལ་འདོད་ཡོད་རིགས་ལ་འདི་ནས་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཚད་མཉམ་ཡིག་རྒྱུགས་གོ་སྒྲིག་ཞུ་རྒྱུ།

༤།  བུམ་སྐྱོན་གསུམ་བྲལ་གྱི་གཟེངས་བསྟོད་ཕྱག་འཁྱེར་ཡོད་ཚེ་ཕྱག་འཁྱེར་གྱི་ངོ་བཤུས་འབུལ་དགོས།

༥།   སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གནང་ཡོད་ཚེ་ཕྱག་འཁྱེར་གྱི་ངོ་བཤུས་འབུལ་དགོས།

  • ཤེས་རིག་སློབ་ཡོན་སྒྲིག་གཞི་གཞིར་བཟུང་འཛིན་རིམ་བཅུ་གཉིས་ཀྱིི་རྒྱུགས་འབྲས་རྩིས་བསྐོར་ཏེ་བརྒྱ་ཆ་རྩེ་བཏོག་གིས་འདེམས་སྒྲུག་ཞུ་རྒྱུ།

( ཕྱི་ལོ་ ༢༠༢༤ ལོར་ཐོན་པའི་སློབ་ཕྲུག་རྣམས་ལ་དམིགས་བསལ་དགོངས་བཞེས་བྱ་རྒྱུ། )

  • དྲྭ་ཐོག་སློབ་སྦྱོང་གནང་མཁན་རིགས་ལ་སློབ་ཡོན་འདི་མི་ཐོབ།
  • སློབ་ཡོན་ཞུས་ཐོབ་རྗེས་རྒྱུ་མཚན་ཡང་དག་མེད་པར་སློབ་མཚམས་བཞག་ཚེ་སློབ་ཡོན་འགྲོ་གྲོན་ཕྱིར་སློག་དགོས་རྒྱུ།

སློབ་ཡོན་དངུལ་འབོར།   སློབ་ཡོན་ཧིན་སྒོར་སྟོང་ཕྲག་ལྔ་བཅུ་ཐམ་པ་གནང་རྒྱུ།

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ཟླ་  ༠༦ ཚེས་ ༠༥ ལ།

འབྲེལ་གཏུག་གནང་ཡུལ།                                                                   

འབྲེལ་ཡོད་ལས་བྱེད་ཀྱི་ལག་ཐོགས་ཁ་པར་ཨང།  ༦༢༣༠༣༣༥༨༤༤, ༩༨༨༢༣༢༢༧༩༧

གློག་འཕྲིན་ཁ་བྱང།  [email protected], [email protected]

GY Tibetan announcement 2024
སྔོན་མ།
༢༠༢༥ ལོའི་ཉི་ཧོང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་དུ་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས།
Menu