ཟླ་རེའི་གསར་འགྱུར།

༄༅། །ཕྱི་ལོ་ ༢༠༢༥ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།

CC

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཡིག་འགྲུལ་གྱི་ལམ་ནས་སློབ་གཉེར་བྱ་རྒྱུའི་ཆེད་སློབ་ཡོན་ས་མིག་གྲངས་ ༧༥ ཡོད་པའི་གསལ་བསྒྲགས་ཞུ་རྒྱུར། སློབ་ཡོན་འདི་བཞིན་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་དང་། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་གི་དགེ་རྒན། ས་རཱ་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་ཁང་གི་སློབ་ཕྲུག འཛིན་རིམ་བཅུ་གཉིས་ཐོན་རྗེས་མུ་མཐུད་མཐོ་སློབ་ཏུ་བསྐྱོད་རྒྱུའི་གོ་སྐབས་མ་ཐོབ་པའི་རང་རིགས་ན་གཞོན་རྣམས་ལ་སོ་སོའི་ཤེས་ཚད་གོང་མཐོར་གཏོང་ཐབས་ཆེད་ཡིན། ཡིག་འགྲུལ་ལམ་ནས་མཐོ་རིམ་སློབ་ཡོན་ལོ་རེར་ཧིན་སྒོར་ ༡༠,༠༠༠།༠༠ རེ་གནང་རྒྱུ།

སློབ་ཡོན་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༣༡ འགྱངས་མེད་གཤམ་འོག་གི་གསང་ཐིག་ལ་བཤེར་འབེབས་དང་། ཡང་ན་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་འབུལ་དགོས།

དྲ་ཐོག་འཚང་སྙན་སྦྲེལ་ཐག —>>> https://forms.gle/EWhJFuQjdPq48BPXA

དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡། སྙན་ཞུ་འབུལ་མི་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་། ཕ་མའི་དངས་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༡ བར་གཙང་ཕུལ་ཟིན་པ་དགོས། “འགེངས་ཤོག་ “ཀ” པ་ཡི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས། འགེངས་ཤོག་ཀ་པ་ཕབ་ལེན། 

༢། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སམ་སློབ་གྲྭའི་དགེ་རྒན་ཡིན་ཚེ་ད་ལྟའི་ཕྱག་ལས་གནང་ཡུལ་གྱི་ལས་ཁུངས་སམ་སློབ་གྲྭའི་འཛིན་སྐྱོང་ནས་དགག་ཆ་མེད་པའི་ངོས་སྦྱོར་ཞུ་དགོས་པ་དང་། ངོས་སྦྱོར་ནང་ཞབས་ལོའི་དུས་ཡུན་ཁ་གསལ་འཁོད་དགོས།

༣། ཤེས་ཚད་མཐོ་ཤོས་ཀྱི་ཨང་ཐོབ་ཤོག་ལྷེའི་ངོ་བཤུས་ཐོག་ས་གནས་འགོ་འཛིན་།  ཡང་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུའི་ལས་བྱེད་གང་རུང་ནས་ཞིབ་བཤེར་གནང་བའི་དག་མཆན་ངེས་འགོད་བྱ་དགོས།

༤། སྙན་འབུལ་བ་རང་ཉིད་ཀྱི་ཕྱེད་པར་ཁ་གསར་རེ་ཡར་འཇུག་དགོས།

སྡེ་ཚན་ཁག་ལ་སློབ་ཡོན་ཆ་བགོས།

ཀ༽  བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་ཆེད་ས་མིག་ ༢༠ ནས་བེུད་ཆེད་ཟུར་བཅད་ས་མིག་ ༥ ཡོད།

ཁ༽  བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་གི་་དགེ་རྒན་ཆེད་ས་མིག་ ༢༠ ནས་བེུད་ཆེད་ཟུར་བཅད་ས་མིག་ ༥ ཡོད།

ག༽  སྭ་ར་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་ཁང་གི་སློབ་ཕྲུག་ཆེད་ས་མིག་ ༡༥ ཡོད།

ང༽  འཛིན་རིམ་བཅུ་གཉིས་ཐོན་རྗེས་མུ་མཐུད་མཐོ་སློབ་ཏུ་བསྐྱོད་རྒྱུའི་གོ་སྐབས་མ་ཐོབ་པའི་ན་གཞོན་ཆེད་ས་མིག་ ༢༠ ཡོད།

ཅ༽  གོང་གསལ་སྡེ་ཚན་བཞིའི་ནང་མ་ཚུད་པའི་སྙན་འབུལ་བ་ཁག་ལ་ས་མིག་སྟོང་པ་ལྷག་ཚེ་དགོངས་བཞེས་གནང་རྒྱུ།

 དོགས་འདྲི་ཡོད་ཚེ་འབྲེལ་བ་གནང་ཡུལ།

DLS-2025
སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཌན་མག་ཏུ་བདུན་གཅིག་རིང་འཚམས་གཟིགས་ལེགས་གྲུབ་བྱུང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་བྱིས་པའི་འགུལ་བརྙན་གཉིས་འགྲེམས་སྤེལ་གནང་རྒྱུ།