ཟླ་རེའི་གསར་འགྱུར།

༢༠༢༣ ལོའི་བོད་མིའི་ཆེད་ལས་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། བོད་ཀྱི་ཐེབས་རྩ་ཐུན་མོང་ནས་གསལ་བསྒྲགས་ཞུ་རྒྱུར། འདི་ལོར་བོད་མིའི་ཆེད་ལས་སློབ་ཡོན་འདི་བཞིན་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་ ༥ ལ་སློབ་ཡོན་གནང་རྒྱུ་དང་། སློབ་ཡོན་འདི་ཤེས་རིག་ལས་ཁུངས་བརྒྱུད་བོད་ཀྱི་ཐེབས་རྩ་ནས་གནང་རྒྱུ། སློབ་ཡོན་ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མིའི་སློབ་ཕྲུག་རྩེ་ཕུད་རྣམས་རང་ཉིད་ཀྱི་འདོད་མོས་ཆེ་བའི་ཆེད་ལས་སློབ་སྦྱོང་བྱ་རྒྱུའི་རོགས་སྐྱོར་ཆེད་དུ་ཡིན། གཤམ་གསལ་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༣༡ དགོང་མོའི་ཆུ་ཚོད་ ༡༡།༥༩ འགྱངས་མེད་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་དགོས།

དྲྭ་ལམ་སྦྲེལ་ཐག https://forms.gle/3r6RAzFBshkVpFTx5

སློབཚན་ཁག

འཚང་སྙན་འབུལ་མི་རྣམས་ནས་གཤམ་གསལ་སློབ་ཚན་གང་རུང་ཐོག་སློབ་གཉེར་བྱེད་འདོད་ཡོད་པ་ཞིག་ངེས་པར་དགོས།

Master in Medicine (MD/MS), Master in Dental Surgery (MDS), Master in Technology (M.Tech), Master in Business Administration (MBA), Master in Computer Application (MCA), Master in Pharmacy (M Pharm), Master in Physiotherapy (MPT), Master of Law (LLM), Master in Education (M.Ed), Master in Public Health (MPH), Master in Journalism and Mass Communication (MJMC), Master in Fine Arts (MFA), Master in Designing (M.Des), Master in Public Administration (MPA), Master of Library and Information Science (MLISc), Master in Engineering (ME).

སློབ་ཡོན་ཚད་གཞི།

སློབ་ཡོན་འདིའི་ཁོངས་འདེམས་ཐོན་བྱུང་བའི་སློབ་ཕྲུག་སོ་སོས་མཐོ་སློབ་ཏུ་སློབ་ཡོན་ཕུལ་བའི་བྱུང་འཛིན་ནང་གསལ་ལྟར་སློབ་ཡོན་མཐོ་ཚད་ཧིན་སྒོར་འབུམ་གཉིས་ ༢༠༠༠༠༠། བར་འབུལ་རྒྱུ་དང་། སློབ་ཡོན་མ་ཡིན་པའི་འགྲོ་གྲོན་གཞན་གྱི་ཆེད་དུ་ཧིན་སྒོར་བདུན་ཁྲི་ལྔ་སྟོང་ ༧༥༠༠༠། བཅས་འབུལ་རྒྱུ། སློབ་ཡོན་མུ་མཐུད་འཐོབ་པར་སློབ་ཕྲུག་སོ་སོས་ཡིག་རྒྱུགས་འཕྲོད་པའི་ཐོག་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་ ༦༠ ལོན་དགོས།

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡། འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ ༢༠༢༢ བར་གཙང་འབུལ་ཟིན་པ་དང་། ཞིབ་ཕྲའི་གནས་ཚུལ་ཁག་ འགེངས་ཤོག་ཀ་པའིནང་ཁ་གསལ་བཀང་སྟེ་རང་ཉིད་ཀྱི་གནས་ཡུལ་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།

༢། འཚང་སྙན་འབུལ་མི་རྣམས་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་གོང་འཁོད་སློབ་ཚན་གང་རུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༥ ལོན་པ་ཞིག་དགོས། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཨང་ཤོག་དང་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།

༣། རང་ཉིད་ཀྱི་མཐོ་རིམ་སློབ་དཔོན་ནམ། ཡང་ན་ལས་རོགས། དགེ་རྒན། སློབ་སྟོན་པ་གང་རུང་གཉིས་ནས་རྒྱབ་གཉེར་ཡི་གེ་འབུལ་དགོས།

༤། རང་ཉིད་ཀྱི་ཞུ་སྙན་ཆེད་རྩོམ་ Personal Statement ཤོག་གྲངས་གཅིག་ལས་མ་ཉུང་བ་འབུལ་དགོས།

སློབ་ཡོན་འདེམས་སྒྲུག་བརྒྱུད་རིམ་ཁག་གཤམ་གསལ།

༡། སློབ་ཡོན་འདེམས་སྒྲུག་ཆེད་ངག་རྒྱུགས་བཞེས་རྒྱུ།

༢། ངག་རྒྱུགས་བརྒྱ་ཆ་གཅིག་མཚུངས་བྱུང་ཚེ་ཉེ་བའི་གཙུག་ལག་རབ་འབྱམས་པའི་བརྒྱ་ཆ་རྩེ་བཏོག་གིས་འདེམས་སྒྲུག་བྱ་རྒྱུ།

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༧ ལ།

འབྲེལ་གཏུགས་བྱ་ཡུལ།   བསོད་ནམས་བཟང་མོ།   [email protected]

བློ་བཟང་དར་རྒྱས།        [email protected]       ༩༨༠༥༦༨༨༤༡༤

Department of Education, CTA

GangchenKyishong

Dharamsala – 176 215

Dist. Kangra, Himachal Pradesh, India

Ph: 01892 – 226695, 222572, 222721

Website: www.sherig.org/www.lamton.org

TPSP 2023 Tibetan
སྔོན་མ།
ཕྱི་ལོ་ ༢༠༢༣ ལོའི་སློབ་ཐོན་འབུམ་རམས་པར་ཆེ་བསྟོད་གསལ་བསྒྲགས།
ཕྱི་མ།
སྐབས་དྲུག་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་སེ་ལ་ཀུའི་བོད་ཁྱིམ་དུ་ཚོགས་པ།
Menu