ཟླ་རེའི་གསར་འགྱུར།

གཏོང་ཕོད་ཅན་གྱི་ཉི་ཧོང་བ་ཞིག་གིས་བོད་མིའི་ཤེས་ཡོན་ཆེད་ཨ་སྒོར་འབུམ་གཅིག་ལྷག་ཞལ་འདེབས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༣ ཉིན་གནས་ཚུལ་ཐོན་པ་ལྟར་ན། གཏོང་ཕོད་ཅན་གྱི་ཉི་ཧོང་བ་སྐུ་ཞབས་ཀ་སུ་ཡ་ཏ་ཀ་སུ་ Dr. Katsuya Takasu ལགས་ཀྱིས་དྲན་རྟེན་ཐེབས་རྩ་ཁང་དང་ Katsuya Takasu Memorial Foundation ཏ་ཀ་སུ་ཉི་ཧོང་ཐེབས་རྩ། Takasu Fund of Japan ཞེས་པ་བརྒྱུད་ནས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་སླད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ལས་གཞིའི་མ་དངུལ་ཆེད་ཨ་སྒོར་ ༡༣༨༠༠༠ ཞལ་འདེབས་གནང་བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཐུགས་རྗེ་ཆེ་གསུངས་པ་མ་ཟད། ཁོང་གིས་དེ་སྔའང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ལས་གཞིའི་ཐོག་རོགས་རམ་གནང་མྱོང་ཡོད་པར་བརྟེན་ལེགས་གསོའི་སྔགས་བརྗོད་ཞུས་པ་དང་སྦྲགས།  སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ཡོད།

སྔོན་མ།
བོད་རིགས་སློབ་ཕྲུག་རྣམས་ཀྱི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་མཇུག་བསྡོམས་གནང་བ།
ཕྱི་མ།
སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།
Menu