ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་བོད་ཀྱི་སྐད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༡ ནས་༣ བར་ཉིན་གསུམ་རིང་བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་སྔོན་སོང་ལྟར་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་འདུ་བསྐོངས་ཏེ། སྔོན་འགྲོ་དང། གཞི་རིམ་འོག་མའི་འཛིན་གྲྭ་དང་པོ་དང། གཉིས་པ། གསུམ་པ་བཅས་ཀྱི་སློབ་དེབ་གཏན་འབེབས་བྱེད་ཀྱི་ཡོད་འདུག
    དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་གསར་པ་དང།  ཕྱི་ལོ་༢༠༠༨ ལོར་བཀའ་ཤག་གིས་གཏན་འབེབས་གནང་བའི་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་སྔོན་འགྲོ་གཉིས་དང།  གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཆེད་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་གཅིག་ལྕོགས་བཀྲ་ཤིས་དོན་གྲུབ་ལགས་དང། ཤེས་ཡོན་སྲོལ་རྒྱུན་ཚན་པའི་འགན་འཛིན་ཟུང་དྲུང་ཚེ་རིང་བསམ་གྲུབ་ལགས། ཤེས་ཡོན་འགན་འཛིན་དྲུང་ལས་དངོས་གྲུབ་བསྟན་པ་ལགས། སློབ་དེབ་རྩོམ་སྒྲིག་པ་གཉིས། དེ་བཞིན་དབུས་བོད་སློབ་འཛིན་ཚོགས་དང་། སམ་བྷོ་ཊ། བོད་ཁྱིམ་གཉིས། དགའ་ལྡན་བྱང་རྩེ་གྲྭ་ཚང་དང་བཙུན་དགོན་སྒྲོལ་མ་གླིང་བཅས་ཀྱི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་བཅས་མཉམ་འཛོམས་ཀྱིས་ཉིན་གསུམ་རིང་རྩོམ་སྒྲིག་པ་གཉིས་ཀྱིས་བསྒྲིགས་པའི་རགས་ཟིན་ལ་སྦྱངས་བཤད་ཀྱིས་དངོས་གཞི་སློབ་དེབ་གཏན་འབེབས་བྱེད་བཞིན་ཡོད་འདུག
    དེ་བཞིན་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་དེ་ཕྱི་ལོ་༢༠༡༢ ལོར་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་བསྐོ་འཛུགས་ཀྱིས་ལོ་དེའི་ཕྱི་ཟླ་༥ པའི་ནང་གངས་སྐྱིད་དུ་སྐོང་ཚོགས་གནང་ཡོད་པ་བཅས།

 

སྔོན་མ།
ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས།
ཕྱི་མ།
གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།
Menu