ཟླ་རེའི་གསར་འགྱུར།

དགེ་རྒན་གྱི་ཉིན་མོར་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༥ ཉིན་རྒྱ་གར་རྒྱལ་ཡོངས་སུ་སྲིད་འཛིན་ཟུར་པ་དམ་པ་ཌོག་ཊར་རཱ་དྷཱ་ཀྲྀཥྞན་ (Dr. Radhakrishnan) མཆོག་གི་སྐུའི་འཁྲུངས་སྐར་དགེ་རྒན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། ངས་ཐོག་མར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་དགེ་ལས་ཡོངས་ལ་འཚམས་འདྲི་དང་སྦྲགས་ཐུགས་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། སྔ་ལོའི་དགེ་རྒན་ཉིན་མོའི་གཏམ་བཤད་ཀྱི་བརྗོད་བྱ་གཙོ་བོ་དགེ་རྒན་རྣམ་པར་ཕྱི་ནང་གཉིས་ཀའི་མཚན་ཉིད་ཚང་ཞིང་། སློབ་མའི་ཁམས་དང་མོས་པར་འཚམས་པའི་སློབ་ཁྲིད་གནང་གལ་ཆེ་ཚུལ་སྐོར་ཞུས་ཡོད་པ་བཞིན་ཚང་མས་དེ་དོན་དགོངས་པར་བཅངས་ཏེ་ཕྱག་བསྟར་གནང་མུས་ཡིན་པའི་རེ་བ་ཡོད། མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབས་ནི་ཤེས་ཡོན་ལ་རག་ལུས་ཡོད་པ་དང་། ཤེས་ཡོན་བཟང་ཞན་དེ་ཡང་དགེ་རྒན་ལ་རག་ལུས་ཡོད་པས་དགེ་རྒན་ནི་སྤྱི་ཚོགས་ནང་རླབས་ཆེན་གྱི་བྱ་བ་སྒྲུབ་མཁན་གྱི་མི་སྣ་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད་པར་ངོས་འཛིན་གྱིས་བརྩི་བཀུར་དང་ཆེ་མཐོང་བྱ་འོས་སུ་གྱུར་ཡོད།

སྔོན་མ།
བལ་ཡུལ་ཁུལ་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཐེངས་གཉིས་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཟློས་དགེའི་འོས་སྦྱོང་གི་འཚང་སྙན་འབུལ་དུས་ཕར་འགྱངས་ཞུས་པའི་གསལ་བསྒྲགས།
Menu