ཟླ་རེའི་གསར་འགྱུར།

དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནང་རིག་གཞུང་འགྲན་བསྡུར་གནང་བ།

གསར་འཕྲིན།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། དབུས་བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་སློབ་གྲྭ་ཁག་ཏུ་ལོ་གཉིས་རེ་ནང་རིག་གཞུང་འགྲན་བསྡུར་གནང་གི་ཡོད་པ་ལྟར། འདི་ལོ་ཕྱི་ཟླ་༩ ཚེས་༡༦ དང་༡༧ ཉིན་རྒྱ་གར་ཤར་ཁུལ་སློབ་གྲྭའི་སྡེ་ཁག་རྣམས་ཀསྦུག་གཏན་སློབ་ཏུ་ཉིན་གཉིས་རིང་གནང་ཡོད་པ་མ་ཟད། བྱང་ཁུལ་སློབ་གྲྭའི་སྡེ་ཁག་རྣམས་ཌལ་ཧོར་གཏན་སློབ་ཏུ་ཕྱི་ཚེས་༡༨ དང་༡༩ ཉིན་འགྲན་བསྡུར་གནང་སྟེ། དེ་བཞིན་དབུས་ཀྱི་མཐའ་མའི་འགྲན་བསྡུར་གྱི་འཁྲབ་སྟོན་དེ་ཕྱི་ཚེས་༢༢ དང་༢༣ ཉིན་ལྷོ་ཕྱོགས་སྦེལ་ཀོབ་སློབ་གྲྭར་གནང་སྟེ་ལེགས་གྲུབ་བྱུང་ཡོད་པ་དང། ཐེངས་འདིའི་རིག་གཞུང་འགྲན་བསྡུར་དེའི་ནང་བོད་ཀྱི་རིག་གཞུང་སྤྱི་དང་། ཡང་སྒོས་ཡུལ་སྲོལ་ཀྱི་གཞས་སྣ་འགྲན་བསྡུར་གནང་ཡོད་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།
 

སྔོན་མ།
ཚན་རིག་དང་ཨང་རྩིས་སློབ་ཚན་རྩེར་སོན་རྣམས་ལ་བྱ་དགའ་གནང་བ།
ཕྱི་མ།
བོད་ཀྱི་བརྡ་སྤྲོད་ཀྱི་ཟབ་སྦྱོང་།
Menu