༄༅། །འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ AISSCE གྲུབ་འབྲས་ཐོན་པ་ལྟར། རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ནང་བོད་པའི་སློབ་གྲྭ་ཁག་ ༡༧ ནས་སློབ་ཕྲུག་གྲངས་ ༡༡༣༣ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༠༠ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༢༨ ཡོད། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༥ བཅས་བྱུང་འདུག ཁྱོན་ཡོངས་ཀྱི་བཙན་བྱོལ་བོད་མིའི་སློབ་གྲྭའི་བརྒྱ་ཆ་ནི་ ༩༧ ལོན་ཡོད་པར་བརྟེན་སྔ་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་ ༡.༤༤ འཕར་ཆ་བྱུང་ཡོད།
དི་ལོའི་བོད་པའི་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་བརྒྱ་ཆ་ ༩༤ ལོན་མཁན་སེ་ལ་ཁུའི་བོད་ཁྱིམ་སློབ་གྲྭའི་ཀརྨ་ཕུན་ཚོགས་ཟླ་བ་ལགས་ཡིན་འདུག ཕྱོགས་མཚུངས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ CBSE ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་བོད་སློབ་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་བརྒྱད་བྱུང་འདུག
ཨང་། | སློབ་གྲྭ | ཕྲུག་གྲངས། | རྒྱུགས་འཕྲོད་ཚད་བརྒྱ་ཆ། | |
ད་ལོ། | སྔ་ལོ། | |||
༡ | སེ་ལ་ཀུའི་བོད་ཁྱིམ། | ༦༧ | ༡༠༠ | ༩༨.༥༣ |
༢ | སྦིར་སུ་ཇཱ་བོད་ཁྱིམ། | ༩༠ | ༡༠༠ | ༡༠༠ |
༣ | བྷེལ་ཀོབ་གཏན་སློབ། | ༢༥ | ༡༠༠ | ༡༠༠ |
༤ | མ་སུ་རི་བོད་ཁྱིམ། | ༡༦༡ | ༡༠༠ | ༩༥.༥༢ |
༥ | དྷ་སྟེང་བོད་ཁྱིམ། | ༦༨ | ༡༠༠ | མེད། |
༦ | ཀ་སྦུག་གཏན་སློབ། | ༥༡ | ༡༠༠ | ༨༠.༥༦ |
༧ | སྤོན་ཊ་སཾ་སློབ། | ༤༣ | ༡༠༠ | ༡༠༠ |
༨ | དོན་གྲུབ་གླིང་ཉིན་སློབ། | ༧ | ༡༠༠ | ༡༠༠ |
༩ | གོ་པལ་པུར་བོད་ཁྱིམ། | ༧༤ | ༩༨.༦༣ | ༡༠༠ |
༡༠ | བྷེལ་ཀོབ་བོད་ཁྱིམ། | ༢༤༧ | ༩༧.༠༦ | ༩༦.༨༥ |
༡༡ | མོན་གྷོ་ཊི་གཞིས་སློབ། | ༨༣ | ༩༦.༣༩ | ༩༦.༣༩ |
༡༢ | སིམ་ལ་གཏན་སློབ། | ༢༣ | ༩༥.༦༥ | ༩༣.༣༣ |
༡༣ | ཧར་པུར་གཏན་སློབ། | ༥༣ | ༩༤.༢༣ | ༩༨.༤༤ |
༡༤ | མ་སུ་རི་གཏན་སློབ། | ༩༣ | ༩༣.༥༥ | ༨༥.༦༠ |
༡༥ | རྡོར་གླིང་གཏན་སློབ། | ༤༢ | ༨༨.༡ | ༡༠༠ |
༡༦ | དྷོ་ལན་ཇི་གཏན་སློབ། | ༡༧ | ༧༦.༤༧ | ༨༠.༧༧ |
༡༧ | ཊལ་ཧོར་གཏན་སློབ། | ༩ | ༦༦.༦༧ | ༨༦.༦༧ |
ཁྱོན་བསྡོམས། | ༡༡༥༤ | ༩༧.༠༩ | ༩༥.༥༦ |
རྒྱུགས་འབྲས་རྩེ་ཕུད།
ཚན་རིག་རྩེ་ཕུད།
༡. ཀརྨ་ཕུན་ཚོགས་ཟླ་བ། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༤།
༢. ལྷ་མོ་ཚེ་རིང་། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༡།
༣. ཚེ་རིང་ལྷ་མོ། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༠.༠༨།
༣. བསྟན་འཛིན་རྣམ་རྒྱལ། མ་སུ་རི་བོད་ཁྱིམ། བརྒྱ་ཆ་ ༨༧.༨
ཚོང་རིག་རྩེ་ཕུད།
༡. བསྟན་འཛིན་ལུང་རིགས། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༩.༦།
༢. ཚེ་རིང་བདེ་སྐྱིད། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༨.༢།
༣. སྐལ་བཟང་རིན་ཆེན། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༥.༢།
སྒྱུ་རྩལ་རྩེ་ཕུད།
༡. བསྟན་འཛིན་གངས་མཚོ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༢།
༢. བསོད་ནམས་བདེ་སྐྱིད། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༩.༦།
༣. བསྟན་འཛིན་མཚོ་མོ། མོན་གྷོ་ཊི་སཾབྷོ་ཊ་སློབ་གྲྭ། བརྒྱ་ཆ་ ༨༧.༨།