ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༤ ལོའི་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་ནང་བོད་ཡིག་བརྒྱ་ཆ་ ༩༥ ཡན་སོན་པའི་ཐོ་གཞུང་།

གསར་འཕྲིན།, གསལ་བསྒྲགས།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་ནས་རང་རེའི་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཁྲོད་བོད་ཀྱི་སྐད་ཡིག་ཐོག་དམིགས་བསལ་ཧུར་བརྩོན་གནང་མཁན་རྣམས་ལ་བྱ་དགའ་དང་གཟེངས་བསྟོད་བརྒྱུད། མ་འོངས་སོན་རྩ་རྣམས་ནས་བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་དགའ་ཞེན་དང་དོ་དབྱིངས་གོང་འཕེལ་སླད་གཟེངས་བསྟོད་ཀྱི་ལས་རིམ་མང་དག་གོ་སྒྲིག་གནང་གི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བོད་ཡིག་སློབ་ཚན་ཐོག་བརྒྱ་ཆ་ ༩༥% ཡན་སོན་པའི་སློབ་ཕྲུག་གྲངས་སུམ་ཅུ་སོ་བདུན་བྱུང་བ་རྣམས་ཀྱི་ཐོ་གཞུང་དང་སློབ་གྲྭའི་འབྲེལ་གཏུག་ཁ་བྱང་བཅས་གཤམ་དུ་སྤྱོད་བདེའི་ཡིག་སྒྲོམ་ནང་བཞག་ཡོད་པས། གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་ནས་སོ་སོའི་ལྟ་གྲུབ་དང་དགོས་དམིགས་བཞིན་སློབ་ཕྲུག་ཇི་ཙམ་ལ་གཟེངས་བསྟོད་གནང་འཆར་ཡོད་པ་རྣམས་ཀྱི་རྒྱབ་ལྗོངས་གནས་ཚུལ་དང་དགོས་ངེས་ཆ་རྐྱེན་ཚང་ཡོད་མེད་ཐད་ཀར་སློབ་ཁག་སོ་སོ་ནས་བསྡུ་བཞེས་གནང་ཕྱོགས་ཡོང་བའི་བརྡ་ཁྱབ་ཏུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༦ ལ།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལ་དྭགས་བོད་ཁྱིམ་སློབ་གྲྭ་ཡན་ལག་དང་བཅས་པར་གཟིགས་སྐོར་དང་། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་གནང་དགོས་པའི་ནན་སྐུལ་གནང་བ།
ཕྱི་མ།
གཞི་རིམ་བར་མའི་འཛིན་རིམ་བདུན་པའི་ཚན་རིག་སློབ་ཚན་ལྷག་མ་གཏན་འབེབས་གནང་བ།
Menu