ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༤ ལོའི་སློབ་ཐོན་འབུམ་རམས་པར་ཆེ་བསྟོད་གསལ་བསྒྲགས།

གསར་འཕྲིན།, གསལ་བསྒྲགས།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ ནས་བཟུང་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་ (Ph.D) སློབ་མཐར་ཕྱིན་པའི་བོད་ཕྲུག་སུ་རུང་ལ་སློབ་ཐོན་འབུམ་རམས་པར་ཆེ་བསྟོད་ལག་འཁྱེར་དང་ལེགས་སྐྱེས་སྒོར་ ༢༠,༠༠༠།༠༠ གནང་རྒྱུ་ཡིན་པས། སྙན་འབུལ་བ་རྣམས་ནས་དག་མཆན་འཁོད་པའི་གཤམ་གསལ་ཡིག་ཆ་གསུམ་ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༡༥ ནང་ཚུད་ཤེས་རིག་ལས་ཁུངས་སུ་འབུལ་ཐུབ་པ་དགོས།
༡༽ དོ་བདག་གི་དང་བླངས་དཔྱ་ཁྲལ་དངུལ་འབབ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་ཕུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མ་གཉིས་ཀྱི་ངོ་བཤུས།།
༢༽ རིགས་གཅིག་རྐང་འཛིན་ཐོན་པའི་ལག་འཁྱེར་ངོ་བཤུས།
༣༽ ཉམས་ཞིབ་དཔྱད་རྩོམ་གྱི་ངོ་བཤུས།

*ཆེ་བསྟོད་ཞུ་ཡུལ།
• བཞུགས་སྒར་དྷ་ས་གཙུག་ལག་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་གཞུང་འབྲེལ་མཛད་སྒོའི་སྐབས་འབུལ་རྒྱུ།
• ལམ་གྲོན་དང་ཟུར་ཕོགས་གནང་ཕྱོགས་ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་དང་། རྩོམ་སྒྱུར། དྲི་ཤོག་བཟོ་འགོད་སོགས་ཀྱི་ལས་གླ་དང་ལེགས་གསོལ་སྤྲོད་ཕྱོགས་ཀྱི་རྩ་འཛིན་ ༢༠༢༢ ལམ་སྟོན་ལྟར་གནང་རྒྱུ་དང་། གོང་གསལ་འགྲོ་གྲོན་ཁག་རྩིས་འཕེར་ཡོང་སླད་ཁང་གླ་དང་། མེ་འཁོར། སྤྱི་འཁོར་སོགས་ཀྱི་ཐོབ་འཛིན་ངོ་མ་ཆབས་འབུལ་ཞུ་དགོས།
དྭོགས་འདྲི་ཡོད་ཚེ་འབྲེལ་བ་བྱ་ཡུལ།
བསོད་ནམས་བཟང་མོ། [email protected]
བསྟན་འཛིན་བསམ་འགྲུབ། [email protected] ཁ་པར་ཨང་། ༧༠༡༨༡༡༡༩༨༣

Ph.D Award for 2024
སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྲོས་མོལ་གནང་།
ཕྱི་མ།
ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་ཆེད་ལས་སློབ་ཡོན་གསལ་བསྒྲགས།
Menu