ཟླ་རེའི་གསར་འགྱུར།

བཀའ་ཁྲི་མཆོག་གིས་བོད་པའི་སློབ་སྤྱི་རྣམས་དང་ལྷན་བགྲོ་གླེང་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་ལྡི་ལི་དོན་གཅོད་ཁང་དུ་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ་དང་ལྷན་ནང་མོལ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་ཤེས་ཡོན་དང་འབྲེལ་བའི་གནད་དོན་རིམ་པ་འདྲ་མིན་གྱི་ཐོག་གྲོས་བསྡུར་གནང་སྐབས་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་ཐབས་ལམ་སྒྲོལ་མ་ལགས་དང། ཀ་སྦུག་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་བྷོ་ཊི་ཡ་ལགས། རྡོར་གླིང་གཏན་སློབ་ཀྱི་སློབ་སྤྱི་བཀྲ་ཤིས་དོན་གྲུབ་ལགས། སྦེལ་ཀོབ་སི་ཝི་པི་བོད་མིའི་སློབ་གྲྭའི་སློབ་སྤྱི་བྱམས་པ་བསྟན་འཛིན་ལགས། གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཕུན་ཚོགས་བཀྲ་ཤིས་ལགས། སེ་ལ་ཁུའི་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་འབྲུག་ཚེ་རིང་ལགས། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་སྤྱི་དོན་གྲུབ་ཚེ་རིང་ལགས། མ་སུ་རི་བོད་ཁྱིམ་གྱི་སློབ་སྤྱི་འབྲུག་རྒྱལ་ཚེ་རིང་ལགས། སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི་མིག་དམར་ཚེ་རིང་ལགས། དྷ་སྟེང་བོད་ཁྱིམ་གྱི་སློབ་སྤྱི་བསོད་ནམས་སྒྲོལ་དཀར་ལགས་གཟུགས་གཞི་བདེ་མིན་ལ་བརྟེན་ཁོ་མོའི་ཚབ་ཏུ་དྷ་སྟེང་བོད་ཁྱིམ་གྱི་དབུ་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས་བཅས་མཉམ་ཞུགས་གནང་ཡོད། ཚོགས་འདུ་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་སྤྱི་རྣམ་པར་ལྡི་ལིར་རྟེན་གཞི་བྱས་པའི་རེ་ཌི་སོན་གསོལ་མགྲོན་ཁང་དུ་མཇལ་ཁ་སྩལ་ཡོད་པ་བཅས།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་བ།
ཕྱི་མ།
འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ།
Menu