ཟླ་རེའི་གསར་འགྱུར།

མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་དགུ་པ་བསྐོང་ཚོགས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ འཚོགས་གནང་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཚོགས་མི་རྣམས་ཕེབས་ཞུགས་གནང་ཡོད།

དེ་ཡང་འགན་འཛིན་འཛིན་ལྷན་ཚོགས་ཐེངས་ ༤༩ པའི་ཚོགས་མི་རྣམས་ཀྱིས་གྲོས་གཞི་ཁག་གི་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད། གྲོས་གཞི་དེ་དག་ནི། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པའི་སྐབས་གྲོས་ཆོད་བཞག་པ་དེར་བཀའ་ཁྲོལ་གནང་རྒྱུ་དང་། སྤྱི་ཁྱབ་དྲུང་ཆེས་ཕུལ་ཟིན་པའི་ལས་དོན་གནང་ཕྱོགས་སྐོར་གྲོས་བསྡུར་གནང་རྒྱུ།  མ་སུ་རི་བོད་ཁྱིམ་གྱི་ལོ་འཁོར་ལས་བསྡོམས།  རྩིས་ལོ་ ༢༠༢༤་་་ ༢༠༢༥ ལོའི་སྔོན་རྩིས་འཆར་འབུལ་ལ་བཀའ་འཁྲོལ་གནང་རྒྱུ་བཅས་ཡིན། །

སྔོན་མ།
མེས་དབོན་གཙུག་ལག་གློབ་གྲྭའི་སློབ་དགེ་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་ལག་བསྟར་ཟབ་སྦྱོང་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ཤིག་དབུ་འཛུགས་ཞུས་པ།
Menu