ཟླ་རེའི་གསར་འགྱུར།

ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་  ༢༠༢༤ ལོར་ཚན་རིག་སྡེ་ཚན་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་བོད་པའི་སློབ་ཕྲུག་རྣམས་ལ་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༤ ནས་ཟླ་ ༧ ཚེས་ ༡༤ བར་ཟླ་བ་གཅིག་རིང་རྒྱ་གར་གྱི་གྲོང་ཁྱེར་པུ་ནེར་རྟེན་གཞི་བྱས་པའི་ཚན་རིག་ཤེས་ཡོན་དང་ཞིབ་འཇུག་ལྟེ་གནས་ཁང་(IISER)དུ་ཉམས་གསོག་སྦྱོང་བརྡར་གྱི་གོ་སྐབས་འབུལ་རྒྱུ་ཡིན་པས། འདོད་བློ་ཡོད་པའི་སློབ་ཕྲུག་རྣམས་ནས་གཤམ་གསལ་ལམ་སྟོན་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༣༠ འགྱངས་མེད་འགེང་ཤོག་བཀང་འབུལ་གནང་དགོས།

ཉམས་གསོག་སྦྱོང་བརྡར་ལས་གཞི་འདིའི་དགོས་དམིགས་གཙོ་བོ་ནི། ཚན་རིག་སློབ་དཔོན་དག་གི་ལམ་སྟོན་འོག་བོད་པའི་སློབ་ཕྲུག་རྣམས་ལ་ཚན་རིག་ཉམས་ཞིབ་ཀྱི་སྦྱོང་བརྡར་དང་། ཚན་རིག་ཤེས་བྱར་དོ་དབྱིངས་ཀྱིས་མུ་མཐུད་ནས་ཚན་རིག་ཤེས་ཡོན་ཐོག་ཤར་སྐྱོད་བྱ་ཐུབ་རྒྱུའི་ཆེད་དུ་ཡིན།

ལམ་སྟོན།

ཀ༽   སྙན་ཞུ་འབུལ་མི་རྣམས་ནས་གཤམ་གསལ་སྦྲེལ་ཐག་བརྒྱུད་གུ་གལ་འགེང་ཤོག་བཀང་འབུལ་གནང་དགོས།

https://forms.gle/mRnsuiH1Zo3QzXxH7

ཁ༽   གོང་གསལ་སྦྲེལ་ཐག་དེ་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༣༠ ཉིན་དགོང་མོའི་ཆུ་ཚོད་ ༡༡་༥༥ རྗེས་སུ་རང་བཞིན་གྱིས་སྒོ་འཐེབ་ཀྱི་ཡོད་པ་དང་། དེ་རྗེས་སུ་སྙན་ཞུ་ངོས་ལེན་གནང་ཐབས་མེད།

ག༽   འགེང་ཤོག་ཆ་མི་ཚང་བའམ་ཡང་ན་བདེན་མིན་འགེངས་ཚེ་འགེང་ཤོག་ངོས་ལེན་ཞུ་ཐབས་བྲལ།

ང༽   འདེམས་སྒྲུག་གི་གཞི་འཛིན་གཙོ་བོ་ནི་འཛིན་རིམ་ ༡༢ བརྒྱ་ཆ་དང་རྩོམ་ཐུང་བཅས་ཡིན།

ཅ༽   སྦྲག་ཐོག་དང་། ཀཽ་རི་ཡར། གློག་འཕྲིན་བཅས་བརྒྱུད་སྙན་ཞུ་ཕུལ་འབྱོར་བྱུང་བ་རྣམས་བརྩི་མེད་ཡིིན།

ཆ༽   འགེངས་ཤོག་འགེངས་སྐབས་གཤམ་འོག་གི་ཡིག་ཆ་རྣམས་སྤྱོད་བདེའི་ཡིག་སྒྲོམ་(PDF)ཐོག་འཇུག་དགོས།

༡། ཕྱི་ལོ་ ༢༠༢༣ བར་གྱི་དང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།

༢། རྒྱ་གར་ནང་གཏན་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།

༣། འཛིན་རིམ་བཅུ་གཉིས་ཀྱི་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས།

༤། རང་ཉིད་ཀྱི་ཕྱེད་པར། (JPG)

༧། རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས། (CV)

ཇ༽   འདེམས་སྒྲུག་ཟིན་པའི་སློབ་ཕྲུག་རྣམས་ལ་ལམ་གྲོན་དང་ཟུར་ཕོགས་སོགས་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་ཞུ་རྒྱུ།

 

འབྲེལ་གཏུག་བྱ་ཡུལ།

ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས།

ཁ་པར་ཨང་གྲངས།་༩༠༠༠༡༤༦༧༧༧

སྔོན་མ།
གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་མཇུག་སྒྲིལ་བ།
ཕྱི་མ།
བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་པ།