ཟླ་རེའི་གསར་འགྱུར།

ཡིག་གཟུགས་འགྲན་སྡུར།

གསར་འཕྲིན།

༄༅། །རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་རང་རེའི་བོད་ཀྱི་ཆོས་རིག་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཆེད། འདས་པའི་ལོ་ངོ་བརྒྱད་ཀྱི་གོང་ནས་ལས་འགུལ་རིམ་པ་མི་ཉུང་པ་ཞིག་སྤེལ་དང་སྤེལ་བཞིན་ཡོད།
    ཕྱི་ལོ་༢༠༡༤ ཟླ་༦ ཚེས་ ༢༩ རེས་གཟའ་ཉི་མ་དང་སྟབས་བསྟུན། རྡོར་གླིང་ཁུལ་གྱི་དམའ་རིམ་སློབ་གྲྭ་ཁག་དགུའི་བར་ཡིག་གཟུགས་འགྲན་སྡུར་གྱི་ལས་གཞི་ཞིག་བརྩམས་ཡོད་པ་དང་། ལས་རིམ་ནང་དངོས་སུ་མཉམ་ཞུགས་ཀྱི་ཆ་ཤས་ལེན་མཁན་ནི། རྡོར་གླིང་དབུས་བོད་མིའི་སློབ་གྲྭ་སྟེ་རྡོར་གླིང་གཏན་སློབ་དང་། སོ་ན་མདའ་དབུས་བོད་མིའི་སློབ་གྲྭ། སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ། འབྲུག་དཀར་བརྒྱུད་དགོན་གསང་སྔགས་ཆོས་གླིང་བཅས་ཡིན་ཞིང་། གོང་གསལ་སློབ་ཁག་བཞིའི་བར་གྱི་ཡིག་གཟུགས་འགྲན་སྡུར་ཁྲོད། ཨང་དང་པོ་སྤོག་རི་སྤོང་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་ཕྲུག་ཟླ་བ་དང་། ཨང་གཉིས་པ་སྤོག་རི་སྦོང་སཾ་བྷོ་ཊའི་གཏན་སློབ་ཀྱི་སློབ་ཕྲུག་བློ་བཟང་ཚེ་རིང་། ཨང་གསུམ་པ་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་ཕྲུག་ཀརྨ་ལྷ་མོ་བཅས་ལ་ཐོབ་འདུག 
    ཨང་རིམ་ཐོབ་མཁན་གྱི་སློབ་ཕྲུག་རྣམས་ལ་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་ཕྱག་འཁྱེར་དང་བྱ་དགའ་བཅས་སྩལ་ཅིང་། མཇུག་ཏུ་གཅེས་སྐྱོང་ཁང་དེའི་འགན་འཛིན་མཆོག་གིས་ཐེངས་འདིའི་ལས་རིམ་ནང་ཞུགས་པའི་སློབ་གྲྭ་ཁག་ལ་ཐུགས་རྗེ་ཆེའི་ཞུ་དང་འབྲེལ་བའི་གསུང་བཤད་གནང་སྟེ་ལས་རིམ་མཇུག་སྡུད་ཡོད་པ་བཅས།
གནས་ཚུལ་མཁོ་སྤྲོད་པ་སྤོག་རེ་སྤོང་སམ་བྷོ་ཊ་སློབ་གྲྭའི་བོད་དགེ་རྡོ་རྗེ་རིན་ཆེན།
 

སྔོན་མ།
སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་བའི་སློབ་སྡེའི་སྤྱི་ཁྱབ་འགན་འཛིན་གྱི་ཚོགས་འདུ་ཚོགས་པ།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་རིག་ཚན་པའི་འཐུས་མི་ཁག་གཅིག་གིས་ཨ་རིའི་གཙུག་ལག་སློབ་ཁང་དུ་གཟིགས་ཞིབ་གནང་བ།
Menu