༄༅། །འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་ མོའི་(AISSCE) ནང་བོད་པའི་སློབ་གྲྭ་ཁག་ ༡༦ ནས་སློབ་ཕྲུག་གྲངས་ ༡༥༣༥ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༣༣༡ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༦༢ ཡོད། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༤༠། དེ་བཞིན་སློབ་ཕྲུག་གྲངས་ ༦༩ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་མེད།
འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༨༦་༧༡ ཡིན་པ་དང། དེའི་ནང་ནས་ཡིག་རྒྱུགས་གཏོང་མཁན་བུ་གྲངས་ ༧༠༤ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༥༩༤ བྱུང་ཡོད། ༼འཕྲོད་ཚད་བརྒྱ་ཆ་ ༨༤་༣༨ དང་།༽ ཡིག་རྒྱུགས་གཏོང་མཁན་བུ་མོ་གྲངས་ ༧༣༨ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༦༦༥་བྱུང་བ་དང་། ༼འཕྲོད་ཚད་བརྒྱ་ཆ་ ༩༠་༡༡ ༽བཅས་ཡིན་འདུག འདི་ལོར་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་ སློབ་ཁག་གི་ནང་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་ལོན་ཡོད།
ཕྱི་ལོ་༢༠༡༤ ལོ་ཡི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག | ||||
ཨང་། | སློབ་གྲྭ | ཕྲུག་གྲངས། | རྒྱུགས་འཕྲོད་ཚད བརྒྱ་ཆ། | |
ད་ལོ། | སྔ་ལོ། | |||
༡ | སེ་ལ་ཀུ་ཡེ་བོད་ཁྱིམ། | ༦༧ | ༡༠༠ | ༡༠༠ |
༢ | བྷེལ་ཀོབ་གཏན་སློབ། | ༤༠ | ༡༠༠ | ༨༩.༦༦ |
༣ | གོ་པལ་པུར་བོད་ཁྱིམ། | ༡༦༦ | ༩༩.༣༨ | ༡༠༠ |
༤ | མ་སུ་རི་བོད་ཁྱིམ། | ༡༥༧ | ༩༩.༣༩ | ༩༩.༣༢ |
༥ | ཊལ་ཧོར་གཏན་སློབ། | ༡༦ | ༩༣.༧༥ | ༩༦.༣ |
༦ | བྷེལ་ཀོབ་བོད་ཁྱིམ། | ༢༢༥ | ༩༣.༤༩ | ༩༥.༧༦ |
༧ | སྤོན་ཊ་སཾ་སློབ། | ༣༣ | ༨༧.༥ | ༩༨.༡༨ |
༨ | དོན་གྲུབ་གླིང་ཉིན་སློབ། | ༢༨ | ༨༧.༥ | ༡༠༠ |
༩ | སིམ་ལ་གཏན་སློབ། | ༣༨ | ༨༦.༨༤ | ༩༠.༦༣ |
༡༠ | མོན་གྷོ་ཊི་གཞིས་སློབ། | ༢༡༡ | ༨༢.༧༨ | ༩༡.༣༧ |
༡༡ | དྷ་སྟེང་བོད་ཁྱིམ། | ༢༥༢ | ༨༢.༡༤ | ༦༡.༢༤ |
༡༢ | མ་སུ་རི་གཏན་སློབ། | ༡༥༥ | ༧༩.༧༣ | ༧༡.༢༦ |
༡༣ | དྷོ་ལན་ཇི་གཏན་སློབ། | ༣༣ | ༧༨.༧༩ | ༨༡.༢༥ |
༡༤ | རྡོར་གླིང་གཏན་སློབ། | ༧༥ | ༧༧.༡༤ | ༧༣.༠༣ |
༡༥ | ཧར་པུར་གཏན་སློབ། | ༤༣ | ༦༩.༠༥ | ༨༥.༩༦ |
༡༦ | ཀ་སྦུག་གཏན་སློབ། | ༦༥ | ༥༣.༡༣ | ༩༥.༤༥ |
ཁྱོན་བསྡོམས། | ༡༦༠༤ | ༨༦.༧༡ | ༨༧.༣༡ |
རྒྱུགས་འབྲས་རྩེ་ཕུད།
ཚན་རིག་རྩེ་ཕུད།
༡། བསོད་ནམས་བཟང་མོ། སེ་ལ་ཀུཡེ་བོད་ཁྱིམ། བརྒྱ་ཆ་༩༣.༢
༢། འཆི་མེད་རྡོ་རྗེ། སེ་ལ་ཀུཡེ་བོད་ཁྱིམ། བརྒྱ་ཆ་༩༠.༨
༣། བསྟན་འཛིན་ཟླ་སྒྲོན། སེ་ལ་ཀུཡེ་བོད་ཁྱིམ། བརྒྱ་ཆ་༩༠.༦
འབྱུང་རིག་རྩེ་ཕུད།
༡། ཚེ་རིང་སྒྲོལ་མ། བྷེལ་ཀོབ་བོད་ཁྱིམ། བརྒྱ་ཆ་༩༣.༢
༢། ལྷ་མོ་ཆོས་སྒྲོན། བྷེལ་ཀོབ་བོད་ཁྱིམ། བརྒྱ་ཆ་༩༣
༣། རྟ་མགྲིན་སྒྲོལ་མ། བྷེལ་ཀོབ་བོད་ཁྱིམ། ༩༡.༨
སྒྱུ་རྩལ་རྩེ་ཕུད།
༡། སྐལ་བཟང་སྒྲོལ་མ། མ་སུ་རི་བོད་ཁྱིམ། བརྒྱ་ཆ་༩༣
༢། ལྷ་རོང། མ་སུ་རི་བོད་ཁྱིམ། ༩༠.༦
༣། བསྟན་འཛིན་ཚེ་གཡང། བྷེལ་ཀོབ་གཏན་སློབ། བརྒྱ་ཆ་༩༠.༤
ལས་རིགས་སློབ་ཚན་རྩེ་ཕུད།
༡། བསྟན་འཛིན་ཕུན་ཚོགས། མོན་གྷོ་ཊི་གཏན་སློབ། བརྒྱ་ཆ་༨༧.༦
༢། སངས་རྒྱས་ལྷ་འཛོམས། སིམ་ལ་གཏན་སློབ། བརྒྱ་ཆ་༨༣.༤
༣། བསྟན་འཛིན་འཇིགས་གྲགས། མོན་གྷོ་ཊི་གཏན་སློབ། ༨༢.༦