༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༨ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་།
འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་གྲངས་ ༡༣༡༥ ཡོད་པ་ལས་སློབ་ཕྲུག་ ༡༢༩༢ ཡིག་རྒྱུགས་ཁྲོད་དངོས་སུ་འཛུལ་ཞུགས་བྱས། དེའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༢༣ ནས་རྒྱུགས་འཕྲོད་པ་དང་། སློབ་ཕྲུག་གྲངས་ ༡༢༨ ལ་བསྐྱར་རྒྱུགས། སློབ་ཕྲུག་ ༤༠ རྒྱུགས་མ་འཕྲོད། འདི་ལོའི་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ནི་ ༨༡.༩༢ ཡིན
རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་བོད་པའི་སློབ་གྲྭའི་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་ཁག་གསུམ་ཡོད་པ་ནི། སུ་ཇ་བོད་ཁྱིམ་དང་། སེ་ལ་ཀུའི་བོད་ཁྱིམ། སྤོན་ཊ་སཾ་བྷོ་ཊ་གཏན་སློབ་བཅས་ཡིན།
ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་བླངས་ཡོད། བུ་མོའི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༩༢་༥༩ ཡིན་པ་དང་བུའི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༨༡་༡༣ ཡིན།
ཕྱི་ལོ་ ༢༠༡༧ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རེའུ་མིག
ཨང་། | སློབ་གྲྭ | ཕྲུག་གྲངས། | རྒྱུགས་འཕྲོད་ཚད་བརྒྱ་ཆ། | |
ད་ལོ། | སྔ་ལོ། | |||
༡ | སྦིར་སུ་ཇཱ་བོད་ཁྱིམ། | ༡༡༡ | ༡༠༠ | ༡༠༠ |
༢ | སེ་ལ་ཀུའི་བོད་ཁྱིམ། | ༦༧ | ༡༠༠ | ༡༠༠ |
༣ | སྤོན་ཊ་སཾ་སློབ། | ༦༡ | ༡༠༠ | ༡༠༠ |
༤ | གོ་པལ་པུར་བོད་ཁྱིམ། | ༨༧ | ༩༨.༨༢ | ༩༨.༠༨ |
༥ | སིམ་ལ་གཏན་སློབ། | ༣༡ | ༩༦.༧༧ | ༨༩.༦༦ |
༦ | མ་སུ་རི་བོད་ཁྱིམ། | ༡༩༡ | ༩༦.༣༤ | ༩༦.༡༥ |
༧ | ཀ་སྦུག་གཏན་སློབ། | ༤༥ | ༩༥.༥༦ | ༧༢.༤༦ |
༨ | བྷེལ་ཀོབ་བོད་ཁྱིམ། | ༡༠༣ | ༩༥.༡ | ༡༠༠ |
༩ | ཧར་པུར་གཏན་སློབ། | ༦༠ | ༨༧.༧༢ | ༩༣.༣༣ |
༡༠ | མོན་གྷོ་ཊི་གཞིས་སློབ། | ༡༢༡ | ༨༢.༦༤ | ༨༠.༧༤ |
༡༡ | མ་སུ་རི་གཏན་སློབ། | ༡༡༢ | ༨༠.༩༡ | ༨༤.༤ |
༡༢ | དྷ་སྟེང་བོད་ཁྱིམ། | ༡༨༥ | ༦༩.༧༨ | ༩༠ |
༡༣ | ཊལ་ཧོར་གཏན་སློབ། | ༢༧ | ༦༦.༦༧ | ༨༤.༣༨ |
༡༤ | རྡོར་གླིང་གཏན་སློབ། | ༥༣ | ༦༥.༩༦ | ༦༩.༣༩ |
༡༥ | དྷོ་ལན་ཇི་གཏན་སློབ། | ༢༦ | ༦༥.༣༨ | ༦༤.༥༢ |
༡༦ | བྷེལ་ཀོབ་དབུས་སློབ། | ༡༨ | ༥༨.༨༢ | ༧༧.༢༧ |
༡༧ | དོན་གྲུབ་གླིང་ཉིན་སློབ། | ༡༧ | ༤༦.༦༧ | ༥༨.༣༣ |
ཁྱོན་བསྡོམས། | ༡༣༡༥ | ༩༥.༥༦ | ༩༠.༠༧ |
རྒྱུགས་འབྲས་རྩེ་ཕུད།
ཚན་རིག་རྩེ་ཕུད།
༡. བསམ་གཏན། ཀ་སྦུག་གཏན་སློབ། བརྒྱ་ཆ་ ༩༠.༦།
༢. སངས་རྒྱས་ཆོས་སྐྱོང་། དྷ་སྟེང་བོད་ཁྱིམ། བརྒྱ་ཆ་ ༩༠།
༣. ཀུན་དགའ་འཆི་མེད། མོན་གྷོ་ཊི་གཞིས་སློབ། བརྒྱ་ཆ་ ༨༨.༨།
ཚོང་རིག་རྩེ་ཕུད།
༡. བསྟན་འཛིན་བཟང་མོ། དྷ་སྟེང་བོད་ཁྱིམ། བརྒྱ་ཆ་ ༨༧.༨།
༢. ལྷག་པ་བསོད་ནམས། དྷ་སྟེང་བོད་ཁྱིམ། བརྒྱ་ཆ་ ༨༢.༦།
༢. མཁའ་ཤེས་དབང་མོ། དྷ་སྟེང་བོད་ཁྱིམ། བརྒྱ་ཆ་ ༨༢.༦།
༣. བསྟན་འཛིན་དབང་ལྡན། བརྒྱ་ཆ་ ༨༢།
སྒྱུ་རྩལ་རྩེ་ཕུད།
༡. བསྟན་འཛིན་འཆི་མེད། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༢.༢།
༢. རིན་ཆེན་སྐྱིད། སུ་ཇ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༠.༤།
༣. བསྟན་འཛིན་འཚོ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༠.༤།
༣. བསྟན་འཛིན་གཡང་སྒྲོན། སུ་ཇ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ། ༩༠.༢