ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མ་འཛིན་གྲྭ་བརྒྱད་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གཏན་འབེབས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ནས་ ༡༠ བར་ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཞི་རིམ་བར་མ་འཛིན་གྲྭ་བརྒྱད་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཞུས་ཏེ། མཐའ་མའི་གཏན་འབེབས་ཚོགས་འདུ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་དུ་འཚོགས་ཡོད།

གོང་ཚེས་ཉིན་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་མཐའ་མའི་རགས་ཟིན་ལ་བསྐྱར་ནན་ཞིབ་གཟིགས་ཀྱིས་སློབ་ཚན་གྱི་ནང་དོན་སྤྱི་དང་། པར་དང་ས་ཁྲ་འཇོག་སྟངས། དེ་བཞིན་དག་ཆ་དང་བརྡ་སྤྲོད་སོགས་ལ་སྣོན་འཕྲི་གང་དགོས་བགྱིས་ཏེ་མཐའ་མའི་གཏན་འབེབས་གནང་།

ཚོགས་འདུ་རུ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས་དང་། སློབ་དེབ་རྩོམ་སྒྲིག་པ་བོན་གྲོགས་པ་སངས་ཚེ་རིང་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་བསྟན་འཛིན་དབང་ཕྱུག་ལགས་དང་ལྷ་འཛོམས་ཚེ་རིང་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་དགེ་རྒན་ངག་དབང་ཚེ་བརྟན་ལགས་དང་བཀྲ་ཤིས་ལྷ་མོ་ལགས། སམ་བྷོ་ཊ་ཅན་དྷ་གྷི་རིའི་སྤྱི་ཚོགས་ཚན་རིག་དགེ་རྒན་བསྟན་འཛིན་དབྱངས་སྐྱིད་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་ཀུན་བཟང་རྡོ་རྗེ་ལགས། ར་ཇ་པུར་བོད་ཁྱིམ་གྱི་སྤྱི་ཚོགས་ཚན་རིག་དགེ་རྒན་བློ་བཟང་དོན་གྲུབ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དགེ་རྒན་བཀྲ་ཤིས་མཚོ་མོ་ལགས་བཅས་མཉམ་ཞུགས་གནང་ཡོད། སློབ་དེབ་པར་སྐྲུན་ཟིན་མཚམས་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་འདུ་ཌེ་ན་ཊ་རོགས་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།།

སྔོན་མ།
དྷ་ས་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་བྱིས་པའི་ཉིན་མོར་གསུང་འཕྲིན།
Menu