ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་ལ་བྱིས་པ་རྩེད་མོ་རྩེད་ས་དང་དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་ལ་བྱིས་པ་རྩེད་མོ་རྩེད་ས་དང་། དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་ཡོད་པ་རེད།

དེ་ཡང་ཤེས་རིག་ལས་ཁུངས་ཀྱི་སྔོན་འགྲོའི་ཤེས་ཡོན་ཡར་རྒྱས་དང་འབྲེལ་བའི་ལས་གཞིའི་ (Early Childhood Care and Education) འོག བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་བུ་བཅོལ་ཁང་ཁག་གི་ཤེས་ཡོན་མཐུན་རྐྱེན་ཡར་རྒྱས་གཏང་རྒྱུའི་དམིགས་ཡུལ་ལྟར། ལ་དྭགས་ཨག་གླིང་ནང་གི་བུ་བཅོལ་ཁང་གཉིས་དང་། ལ་དྭགས་བོད་ཁྱིམ་སློབ་གྲྭའི་གཞི་རིམ་སློབ་གྲྭ བོད་ཁྱིམ་ཧན་ལེ་བཅས་སུ་བྱིས་པ་རྩེད་མོ་རྩེད་ས་དང་། དཔེ་དེབ། དཔེ་སྒྲོམ་སོགས་ཀྱི་འཛིན་ཆས་མཐུན་རྐྱེན་མཁོ་སྤྲོད་གནང་ཡོད། དེ་མ་ཟད་ཤེས་རིག་ལས་ཁུངས་ནས་དུས་ནས་དུས་སུ་བུ་བཅོལ་ཁང་ཁག་གི་མ་མ་རྣམས་ལ་ཟབ་སྦྱོང་གནང་གི་ཡོད་ལ། རིང་མིན་ལ་དྭགས་ཁུལ་གྱི་བུ་བཅོལ་ཁང་གི་མ་མ་རྣམས་ལ་བྱིས་པ་ལྟ་སྐྱོང་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་འཆར་ཡོད་པ་རེད།

སྔོན་འགྲོའི་ཤེས་ཡོན་ཡར་རྒྱས་དང་འབྲེལ་བའི་ལས་གཞི་འདི་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ནང་སྲིད་ལས་ཁུངས་མཉམ་སྦྲེལ་གྱིས་ལག་བསྟར་གནང་མུས་ཡིན་ཞིང་། ཤེས་རིག་ལས་ཁུངས་ནས་བུ་བཅོལ་ཁང་གི་ཤེས་ཡོན་མཐུན་རྐྱེན་མཁོ་སྤྲོད་དང་ཟབ་སྦྱོང་གོ་སྒྲིག་གནང་གི་ཡོད་ལ། ནང་སྲིད་ལས་ཁུངས་ནས་འཛིན་ཆས་དང་། བཟས་བཅུད་འཚོ་སྣོན་སོགས་ཀྱི་མཐུན་འགྱུར་གནང་གི་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞི་རིམ་འོག་མའི་དགེ་ཆེ་དང་བོད་དགེ་རྣམས་ལ་ཀློག་རྩལ་གྱི་ཟབ་སྦྱོང་གོ་སྒྲིག་གནང་།
ཕྱི་མ།
ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ།
Menu