གཞི་རིམ་སློབ་གྲྭའི་སྐད་ཡིག་གཞོགས་འདེགས་ཀློག་དེབ།

སྔོན་གླེང།

མི་རིགས་ཀྱི་མཚོན་རྟགས་གལ་ཆེ་ཤོས་ནི་སླད་ཡིག་ཡིན། མི་རིགས་ཀྱི་སྐད་ཡིག་དེ་མི་རིགས་རང་རམ་རང་ཉིད་གནས་ཡུལ་གྱི་རྒྱལ་ཁབ་ཀྱི་ཆེ་མཐོང་ལའང་འབྲེལ་བ་དམ་ཟབ་ཡོད། མི་རིགས་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པ་ནི་མི་རིགས་རང་ཉིད་ལ་དགའ་ཞེན་ཡོད་པའི་རྣམ་པ་གསལ་ཤོས་ཤིག་ཡིན་ལ། མི་རིགས་ཀྱི་རྩ་ཆེའི་རིག་གཞུང་བརྒྱུད་འཛིན་གྱི་རྨང་གཞི་ཉག་ཅིག་ཀྱང་ཡིན། མི་རིགས་ཀྱི་སྐད་ཡིག་ཉམས་བརླགས་སོང་བ་དེ་ནི་མི་རིགས་ཀྱི་མངའ་དབང་གཞན་ལ་ཤོར་བ་དང་གཅིག་མཚུངས་ཡིན།
སྐད་ཡིག་ནི་སློབ་འབྲིང་གི་བསླབ་ཚན་ཁྲོད་ཀྱི་གཙོ་བོའི་གྲས་ཡིན་པར་མ་ཟད། སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཀྱི་ལག་ཆ་རྩ་ཆེན་ཞིག་ཀྱང་ཡིན། དེར་བརྟེན་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་བ་དེ་ནི་སློབ་མ་ཁོ་ནའི་འགན་འཁྲི་ཙམ་མ་ཡིན་པར་སྤྱི་འབངས་རེ་རེའི་རང་ཉིད་ཀྱི་དགོས་མཁོ་ཉག་གཅིག་ཀྱང་ཡིན་ནོ། །
ལོ་ན་ཆུང་ཞིང་བློ་རིག་གསལ་བའི་སློབ་གྲོགས་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་རྩོམ་ཡིག་འབྲི་བའི་ཆུ་ཚད་ངེས་པར་དུ་གོང་མཐོར་གཏོང་དགོས། འདི་ནི་ལོ་ན་ཆུང་བའི་སློབ་གྲོགས་ཚོ་རང་ཉིད་དང་རྒྱལ་ཁབ། མི་དམངས་བཅས་ལ་ཕན་པ་ཡོད་པའི་བྱ་བ་ཞིག་ཡིན། རྒྱུ་མཚན་ནི་ཁྱོད་རང་ཚོ་མ་འོངས་པའི་རྒྱལ་ཁབ་ཀྱི་བདག་པོ་དང། མི་རིགས་ཀྱི་རེ་བ། ཆབ་སྲིད་ལས་དོན་གྱི་རྒྱུན་འཛིན་པ་དང་རང་རེའི་བོད་མི་རིགས་འདི་ཡར་རྒྱས་གཏོང་མཁན་ཡིན་པས་རེད།
ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བའི་ཆེད་དུ་གྲོགས་པོ་ཆུང་ཆུང་ཚོར་སྔོན་ཐོན་གྱི་བསམ་བློ་དང། ཡ་རབས་ཀྱི་ཀུན་སྤྱོད་ལྡན་དགོས་པར་མ་ཟད། ཁྱབ་རྒྱ་ཆེ་ཞིང་སྲ་བརྟན་གྱི་ཤེས་བྱའི་རྨང་གཞི་ཞིག་ཀྱང་འདིང་དགོས། ཤེས་བྱའི་རྨང་གཞི་སྣ་ཚོགས་ལས་སྐད་ཡིག་ནི་རྨང་གཞིའི་ནང་གི་རྨང་གཞི་ཞིག་ཡིན། དེས་ན་རྩོམ་ཡིག་ནི་ཅི་ཞིག་ཡིན་ཞེ་ན། རྩོམ་ཡིག་ནི་སྐད་ཡིག་གི་ཤེས་བྱ་དང་བྱེད་ནུས་ཕྱོགས་བསྡུས་བྱས་པའི་མཚོན་བྱེད་ཅིག་ཡིན། རྩོམ་ཡིག་གི་འབྲི་རྩལ་དང་ཆུ་ཚད་ནི་ཐིག་ཤིང་དང་མཚུངས་པར་མིའི་བསམ་བློའི་གཏིང་ཟབ་ཚད་དང། ཀུན་སྤྱོད་ལེགས་མིན། ཤེས་བྱ་རྒྱ་ཆེ་མིན། ཤེས་བྱ་ལག་ལེན་ལ་འདེབས་མིན་སོགས་གཞལ་ཐུབ་པ་རེད།
དེར་བརྟེན། གཙོ་བོ་བྱེས་སུ་ཡོད་པའི་གཞི་རིམ་སློབ་མའི་རྩོམ་འབྲིའི་ཤེས་ཚད་དང་ནུས་པ་མཐོར་འདེགས་བྱ་ཆེད། འདིར་རྩོམ་འབྲིའི་རྒྱུན་ཤེས་ཀྱི་སྐོར་སྡེ་ཚན་གཅིག་དང། རྒྱུན་མཐོང་གསལ་བཤད་རྩོམ་ཡིག་གི་འབྲི་དཔེ་སྐོར་གྱི་སྡེ་ཚན་གཅིག  ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་དཔེ་སྐོར་གྱི་སྡེ་ཚན་གཅིག་སྟེ། སྡེ་ཚན་གསུམ་གྱིས་གྲུབ་པའི་རྩོམ་འབྲིའི་ཤེས་བྱའི་སྐོར་གྱི་དེབ་ཆུང་ཞིག་བསྒྲིགས་པ་ཡིན། སྡེ་ཚན་དང་པོར་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག  གསལ་བཤད་རྩོམ་ཡིག་བཅས་ཀྱི་གཞི་རྩའི་ཤེས་བྱ་དང། སྙན་ངག་དང་བརྩམས་སྒྲུང་། རྩོམ་ལུས་དབྱེ་སྟངས་ཐད་ནས་ངོ་སྤྲོད་བྱས་ཡོད།
སྡེ་ཚན་གཉིས་པར་གསལ་བཤད་རྩོམ་ཡིག་གི་འབྲི་དཔེ་མ་འདྲ་བ་བཅོ་ལྔ་ལྷག་དཔྱད་མཆན་དང་བཅས་ཏེ་བསྒྲིགས་ཡོད། སྡེ་ཚན་གསུམ་པར་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་དཔེ་མ་འདྲ་མང་པོ་ཞིག་བསྡུས་ཏེ་མཇུག་ཏུ་དཔྱད་མཆན་རེ་ཡང་བཀོད་ཡོད། ངོ་སྤྲོད་བྱས་པ་འདི་གཞིར་བཞག་སྟེ་རྩོམ་འབྲིའི་སྦྱོང་བརྡར་གྱི་རྒྱུན་བསྐྱངས་ན་རྩོམ་ཡིག་འབྲི་སྐབས་གདོང་གཉེར་ནས་སྨྱུ་གུར་སོ་འདེབས་མི་དགོས་པར་མ་ཟད། རྩོམ་ཡིག་འབྲི་བའི་ཆུ་ཚད་ཀྱང་ཉིན་རེ་བཞིན་ཇེ་མཐོར་འགྲོ་སྲིད། ཕྱི་ལོ་༢༠༡༣ ཟླ་༡ ཚེས་༡༤ ཉིན་རྡ་ས་ནས། རྩོམ་སྒྲིག་པས།
རྩོམ་སྒྲིག་འགན་འཁུར་བ།    བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ།            འཇམ་དབྱངས།
ཇུས་འགོད།             འཇམ་དབྱངས།
ཞུ་དག་པ།              བཀྲ་ཤིས་དོན་གྲུབ།  དགེ་འདུན་དོན་ཡོད།

དཀར་ཆག

 གཅིག  རྩོམ་འབྲིའི་རྒྱུན་ཤེས།

རྩོམ་ཡིག་གི་གོ་དོན།
ཅིའི་ཕྱིར་རྩོམ་ཡིག་འབྲི་དགོས་པ།
རྩོམ་འབྲིའི་ཕན་ཡོན།
གསལ་བཤད་རྩོམ་ཡིག་གི་ཕན་ཡོན།
ཅི་ཞིག་ལ་གསལ་བཤད་རྩོམ་ཡིག་ཟེར།
གསལ་བཤད་རྩོམ་ཡིག་གི་དབྱེ་བ།
གསལ་བཤད་རྩོམ་ཡིག་དང་རྩོམ་ཡིག་གཞན་བར་གྱི་ཁྱད་པར།
གསལ་བཤད་རྩོམ་ཡིག་དང་རྒྱུན་སྤྱོད་ཡིག་རིགས་བར་གྱི་འབྲེལ་བ།
གསལ་བཤད་རྩོམ་ཡིག་གི་འབྲི་ཐབས།
གསལ་བཤད་ཀྱི་ཐབས།
ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གོ་དོན།
ཞིབ་འབྲི།
རྒྱས་བཤད་དང་ཞིབ་འབྲིའི་ཁྱད་པར།
བློས་བསླང་དང་སྒྲིག་གཞི།
དོན་ཚན།
མཚམས་སྦྱོར་དང་རམ་འདེགས
འགོ་བརྩམས་པ་དང་མཇུག་བསྡུ་ཚུལ།
ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ།
དགག་སྒྲུབ་རྩོམ་ཡིག་གི་གོ་དོན།
དགག་སྒྲུབ་རྩོམ་ཡིག་གི་ཆ་རྐྱེན།
དགག་སྒྲུབ་རྩོམ་ཡིག་གི་དབྱེ་བ།
དགག་སྒྲུབ་ཀྱི་ཐབས།
རྩོམ་ལུས།
སྙན་ངག
བརྩམས་སྒྲུང་གི་གོ་དོན།
བརྩམས་སྒྲུང་གི་ཁྱད་ཆོས།
བརྩམས་སྒྲུང་གི་དབྱེ་བ།

གཉིས།  རྒྱུན་མཐོང་གསལ་བཤད་རྩོམ་ཡིག་གི་འབྲི་དཔེ།

རང་བྱུང་ཤེས་བྱའི་སྐོར།
ས་རྒྱུས་ཤེས་བྱའི་སྐོར།
ཡུལ་སྲོལ་གོམས་གཤིས།
འཚོ་བའི་རྒྱུན་ཤེས།
རྩི་ཤིང་གི་རིགས།
སྲོག་ཆགས་ཀྱི་རིགས།
ཚན་རྩལ་ཤེས་བྱའི་སྐོར།
མི་སྣ་ངོ་སྤྲོད།
དཔེ་དེབ་ཀྱི་རིགས།
འཛུགས་སྐྲུན་དངོས་པོ།
ཡུལ་སྐོར་ལྗོངས་རྒྱུ།
ཐོན་རྫས་གསལ་བཤད།
འཕྲུལ་ཆས་གསལ་བཤད།
སྒྲིག་སྲོལ་ལམ་ལུགས།
འགྲེམས་སྟོན།
མཐོ་སློབ་སློབ་བསྡུའི་རྩོམ་ཡིག་གི་རྒྱུགས་གཞི།

གསུམ།   ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་དཔེ།

མི་སྣ་ཇི་བཞིན་དུ་བརྗོད་ཚུལ།
སེམས་ཁམས་འབྲི་ཚུལ།
ཕྱིར་དྲན་དང་ལྷུག་བརྗོད་སྤེལ་མ།
མིག་འབྲི་ཚུལ།
བྱ་བ་འབྲི་ཚུལ། (༡)
བྱ་བ་འབྲི་ཚུལ། (༢)
གཏམ་གླེང་དང་སེམས་ཁམས་འབྲི་ཚུལ།
གཏམ་གླེང་དང་སྐད་ཆ་འབྲི་ཚུལ།
སྐད་ཆ་ཞིབ་བརྗོད་བྱེད་ཚུལ།
བྱུང་རིམ་བཀོད་སྒྲིག་བྱེད་ཚུལ།
སོ་སོར་བརྗོད་པ་དང་མཉམ་བརྗོད་བྱེད་ཚུལ།
གཟུགས་བརྙན་འབྲི་ཚུལ།
ལྡོག་བརྗོད་ཀྱི་འབྲི་ཚུལ།
གོ་རིམ་ཇི་བཞིན་དུ་འབྲི་ཚུལ།
བར་བཅུག་གི་འབྲི་ཚུལ།
རིགས་བཀར་ནས་ཇི་བཞིན་དུ་བརྗོད་པ།

མདུན་ཤོག

Menu