ལོ་རྒྱུས་ཀྱི་གནད་དོན་འགངས་ཆེ་བ་ཁག་གི་ཐོག་སྦྱང་བཤད་དང་བགྲོ་གླེང་བྱས་ཏེ། ལོ་རྒྱུས་ཀྱི་དོན་རྐྱེན་དང་བྱུང་རིམ་ཁག་ཤེས་རྟོགས་ཐུབ་པ་བྱ་རྒྱུ། དེ་བཞིན་ལོ་རྒྱུས་ཐོག་སྦྱང་བཤད་དང་བགྲོ་གླེང་བྱས་ཏེ་ལོ་རྒྱུས་ཀྱི་དོན་རྐྱེན་དང་བྱུང་རིམ་ཤེས་རྟོགས་ཐུབ་པ་བྱ་རྒྱུ་མ་ཟད། ལོ་རྒྱུས་སྦྱོང་བར་སྤྲོ་སྣང་ལྡན་པ་ཞིག་བཟོ་དགོས།
གཞི་རིམ་གོང་མའི་བསླབ་གཞིའི་ནང་སློབ་ཕྲུག་ཚོས་ལོ་རྒྱུས་ཀྱི་དཔྱད་གཞི་མཁོ་སྒྲུབ་བྱས་པ་ཙམ་མིན་པར། ལོ་རྒྱུས་ནི་ཉེར་མཁོའི་བསླབ་གཞི་ཞིག་ཡིན་ལ། དེ་ནི་འདྲི་རྩད་ཀྱི་བརྒྱུད་རིམ་ཞིག་ཡིན་པ་མ་ཟད། འདས་པའི་གནས་ཚུལ་ལ་རྒྱུས་མངའ་ལོན་པའི་བྱ་ཐབས་ཤིག་ཡིན་པ་ཤེས་པར་བྱ་རྒྱུ།
དུས་ཚོད་དང་གནས་སྐབས། ས་གནས་མི་འདྲའི་ལོ་རྒྱུས་ཀྱི་གནས་དོན་ཁག་ལ་མཚུངས་བསྡུར་བྱ་ཐུབ་པ་དང། ལོ་རྒྱུས་དང་སློབ་ཚན་གཞན་དག་དབར་འབྲེལ་ཆགས་ཐུབ་པ་བྱ་རྒྱུ།
གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་བསླབ་གཞི་གསར་པའི་ནང་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་སོགས་གང་འཚམ་འཇུག་ཐབས་བྱ་དགོས་པ་དང་། འཛིན་རིམ་དྲུག་པ་ནས་བཅུ་པ་བར་རྒྱ་གར་གྱི་ལོ་རྒྱུས་བཀོད་ཟིན་པ་རྣམས་སྐབས་འདིར་འཇུག་འགོད་མི་བྱེད་པའམ། ཡང་ན་ཉུང་འཕྲི་གང་འོས་བྱ་རྒྱུའི་གཙོ་འདོན་བྱ་དགོས།

འཛིན་རིམ་བཅུ་གཅིག

འཛམ་གླིང་ལོ་རྒྱུས།

སྡེ་ཚན་ཀ༽ ལོ་རྒྱུས་རིག་པའི་ངོ་སྤྲོད།

  • ཅི་ཞིག་ལ་ལོ་རྒྱུས་རིག་པ་ཟེར།
  • ལོ་རྒྱུས་རིག་པའི་གལ་གནད།
  • ལོ་རྒྱུས་རིག་པའི་འབྱུང་ཁུངས།
  • ལོ་རྒྱུས་རིག་པའི་རྟེན་ལྟོས་རྒྱུ་རྐྱེན།
  • ལོ་རྒྱུས་རིག་པའི་ཁྱབ་ཚད།
  • ལོ་རྒྱུས་རིག་པ་བའི་བཤད་ཚུལ།

སྡེ་ཚན་ཁ༽ འཛམ་གླིང་ལོ་རྒྱུས་སྤྱི་བཤད།
༡། གདོད་མའི་སྤྱི་ཚོགས་ངོ་སྤྲོད།

ཆེས་གནའ་བོའི་དུས་ནས། ཡེ་ཤུའི་སྟོན་པ་མ་འཁྲུངས་སྔོན་གྱི་ལོ་ངོ་༡༥༠༠༠ གོང་གི་ཨ་ཧྥེ་རི་ཀ་དང་ཡུ་རོབ།

  • མིའི་རིགས་ཀྱི་འབྱུང་ཁུངས་ཐད་འདོད་ཚུལ་མི་འདྲ་བ་སྣ་ཚོགས།
  • གནའ་བོའི་སྤྱི་ཚོགས།
  • དེང་རབས་ཀྱི་རྔོན་པ་དང་འཐུ་མཁན་གྱི་སྤྱི་ཚོགས་ཐད་ལོ་རྒྱུས་སྨྲ་བའི་འདོད་ཚུལ།

༢། གནའ་བོའི་གྲོང་ཁྱེར།

  • རྒྱ་གར་གྱི་ཧཱ་རཱ་པཱན་༼སེང་གེ་གཙང་པོའི་རྒྱུད་ཀྱི་༽དཔལ་ཡོན་དར་སྤེལ།
  • གྲོང་བརྡལ་འཕེལ་སྟངས། གནའ་བོའི་གྲོང་ཁྱེར་གྱི་ཁྱད་ཆོས།
  • ལོ་རྒྱུས་སྨྲ་བ་ཚོོས་ཧཱ་རཱ་པཱན་གྱི་དཔལ་ཡོན་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་ལ་ལྟ་ཚུལ།

སྡེ་ཚན་ ག༽ གོང་མའི་རྒྱལ་ཁམས་ངོ་སྤྲོད།
༣། གླིང་ཕྲན་གསུམ་དབང་དུ་བསྒྱུར་བའི་གོང་མའི་རྒྱལ་ཁམས།
གཙོ་གནད། རཽ་མན་གོང་མའི་རྒྱལ་ཁམས། ཕྱི་ལོ་སྔོན་གྱི་ལོ་༢༧ ནས་ཕྱི་ལོ་ ༦༠༠ བར།

  • སྲིད་དོན་རིམ་འགྱུར་འཕེལ་རིམ།
  • དཔལ་འབྱོར་རྒྱ་སྐྱེད།
  • ཆོས་ལུགས།
  • གནའ་དངོས།
  • དྲན་གཡོག་ལམ་ལུགས་ཐད་ལོ་རྒྱུས་སྨྲ་བའི་ལྟ་ཚུལ།

༤། ཁ་ཆེའི་ཡུལ་དབུས།

གཙོ་གནད། དུས་རབས་བདུན་པ་ནས་བཅུ་གཉིས་བར།

  • ཆབ་སྲིད།
  • དཔལ་འབྱོར།
  • རིག་གནས།
  • ཆོས་ལུགས་ལ་ལོ་རྒྱུས་སྨྲ་བའི་ལྟ་ཚུལ།

༥། འབྲོག་ཁུལ་གྱི་གོང་མའི་རྒྱལ་ཁམས།

གཙོ་གནད། དུས་རབས་བཅུ་གསུམ་དང་བཅུ་བཞི་པའི་སྐབས་ཀྱི་སོག་པོའི་གོང་མའི་རྒྱལ་ཁམས་སྐོར།

  • འབྲོག་པའི་ཁྱད་ཆོས།
  • གོང་མའི་རྒྱལ་ཁམས་འཛུགས་སྟངས།
  • རྒྱལ་ཁབ་གཞན་དག་དབང་སྒྱུར་དང་འབྲེལ་ལམ།
  • འབྲོག་པའི་སྤྱི་ཚོགས་དང་སྲིད་གཞུང་གྲུབ་སྟངས་ཐད་ལོ་རྒྱུས་སྨྲ་བའི་ལྟ་ཚུལ།

༦། མུ་གྷལ་གོང་མའི་རྒྱལ་ཁམས།

གཙོ་གནད། དུས་རབས་བཅུ་དྲུག་དང་བཅོ་བརྒྱད་པའི་སྐབས་ཀྱི་མུ་གྷལ་གོང་མའི་རྒྱལ་ཁམས་སྐོར།

  • གོང་མའི་རྒྱལ་ཁམས་འཛུགས་སྟངས།
  • བཟོ་རིག་ལག་རྩལ་གྱི་ཁྱད་ཆོས།
  • མུ་གྷལ་གོང་མའི་འཛིན་སྐྱོང་གི་ཁྱད་ཆོས།
  • ལོ་རྒྱུས་རིག་པ་བ་ཚོས་མུ་གྷལ་གོང་མའི་རྒྱལ་ཁམས་ཉམས་རྒུད་བྱུང་བའི་རྒྱུ་རྐྱེན་ཐད་བསམ་ཚུལ།

སྡེ་ཚན་ང༽ གསར་བརྗེ།
༧ སྲོལ་རྒྱུན་བརྗེ་སྒྱུར།

གཙོ་གནད། ཡུ་རོབ་ནུབ་མ། དུས་རབས་བཅུ་གསུམ་པ་ནས་བཅུ་དྲུག་པའི་བར།

  • ངོ་སྤྲོད།
  • ཞིང་བྲན་སྤྱི་ཚོགས་དང་དཔལ་འབྱོར།
  • སྲིད་གཞུང་གྲུབ་ཚུལ།
  • ཡེ་ཤུ་ཆོས་ལུགས་དང་སྤྱི་ཚོགས།
  • བྲན་གཡོག་ལམ་ལུགས་ཉམས་རྒུད་འགྲོ་ཚུལ་ཐད་ལོ་རྒྱུས་སྨྲ་བའི་ལྟ་ཚུལ།

༨ རིག་གནས་བརྗེ་སྒྱུར།

གཙོ་གནད། དུས་རབས་བཅུ་བཞི་ནས་བཅུ་བདུན་བར་གྱི་ཡུ་རོབ་སྤྱི་ཚོགས།

  • ལྟ་ཚུལ་གསར་པ།
  • རྩོམ་རིག་དང་སྒྱུ་རྩལ་གྱི་བརྩམ་བྱ་གསར་པ།
  • གདོད་མའི་བློ་རིག་དང་འབྲེལ་བ།
  • ཨེ་ཤ་ཡ་ནུབ་མའི་ལེགས་སྐྱེས།
  • “ཡུ་རོབ་ཀྱི་རིག་གསར་བསྐྱར་དར་”ལ་ལོ་རྒྱུས་སྨྲ་བའི་འདོད་ཚུལ།

༩ རིག་གནས་གདོང་ཐུག

གཙོ་གནད། དུས་རབས་བཅོ་ལྔ་ནས་བཅོ་བརྒྱད་བར་གྱི་ཨ་རི།

  • ཡུ་རོབ་མཚོ་འགྲུལ་བས་གསང་རྟོལ་བྱས་པ།
  • གསེར་འཚོལ་ཞིབ། བྲན་གཡོག བཙན་རྒོལ།
  • བྲན་གཡོག་ཉོ་ཚོང་ཐད་ལོ་རྒྱུས་སྨྲ་བའི་འདོད་ཚུལ།

སྡེ་ཚན་ ཅ༽ དེང་རབས་ཀྱི་ལམ་བུ།
༡༠། གསར་གཏོད་དང་འཕེལ་རྒྱས།

གཙོ་གནད། དུས་རབས་བཅོ་བརྒྱད་པ་ནས་བཅོ་དགུ་པ་བར་གྱི་ཨ་རི།

  • ངོ་སྤྲོད།
  • གསར་གཏོད་དང་འཕྲུལ་ལས་ཡར་ཐོན།
  • འཕེལ་རྒྱས་ཀྱི་བཀོད་རིས།
  • བཟོ་པའི་གྲལ་རིམ།
  • བཟོ་ལས་གསར་བརྗེའི་ཐད་ལོ་རྒྱུས་སྨྲ་བའི་འདོད་ཚུལ།

༡༡། མི་སེར་སྤེལ་བའི་རིང་ལུགས་ཀྱི་དུས་སྐབས། (Colonial era)

གཙོ་གནད། དུས་རབས་༡༨ ནས་༢༠ བར་གྱི་ཕྱེད་གླིང་ཆེན་གྱི་རྒྱ་གར།

  • རྒྱ་གར་དུ་ཡུ་རོབ་ཀྱི་མི་སེར་སྤེལ་བའི་རིང་ལུགས་པ།
  • མི་རིགས་དབྱེ་འབྱེད།
  • རང་དབང་འཐབ་རྩོད་དང་འགོག་རྒོལ།
  • ཨིན་ཇིའི་དབང་བསྒྱུར་གྱི་ཤུགས་རྐྱེན་ཐད་ལོ་རྒྱུས་རིག་པ་བ་ཚོའི་ལྟ་ཚུལ།

༡༢ དུས་རབས་བཅུ་དགུ་དང་ཉི་ཤུ་སྐབས་ཀྱི་ཤར་ཨེ་ཤི་ཡ།

  • ཉི་ཧོང་གི་དཔལ་འབྱོར་དང་དམག་དཔུང་འཕེལ་རྒྱས།
  • རྒྱ་ནག་དང་དམར་པོའི་རིང་ལུགས།

 

འཛིན་རིམ་བཅུ་གཉིས།

བོད་ཀྱི་ལོ་རྒྱུས།

གླེང་གཞི། བསྒྲུབ་བྱ།
གཅིག གནའ་བོའི་རྒྱལ་ཕྲན་དང་ཡུལ་སྡེ།
སྤྱི་ཁྱབ་ཀྱི་གླེང་གཞི། གནའ་བོའི་མཁར་དང་ཡུལ་སྡེ་ཆགས་ཚུལ། གཙོ་གནད།   ཡར་ཀླུང་གི་སྤྱི་ཚོགས་དཔལ་ཡོན་དར་སྤེལ་སྐོར།
བགྲོ་གླེང།   ལོ་རྒྱུས་སྨྲ་བ་ཚོས་བྲག་བརྐོས་དང་རྡོ་ཆས། ངག་རྒྱུན་ལ་བརྟེན་ཏེ། ལོ་རྒྱུས་སྨྲ་ཚུལ།
གནའ་བོའི་མཁར་དང་ཡུལ་སྡེ། དཔལ་འབྱོར་དང། ཡུལ་སྡེ་ངོ་སྤྲོད་རྒྱུ།
གཞི་འཛིན་བྱ་ཡུལ།
བྲག་བརྐོས་དང། རྡོ་ཆས།
ངག་རྒྱུན། དམངས་ཁྲོད་སྒྲུང།
གཉིས། གནའ་བོའི་ཆབ་སྲིད་དང་དཔལ་འབྱོར།སྤྱི་ཁྱབ་ཀྱི་གླེང་གཞི། སྲོང་བཙན་ནས་ཁྲི་རལ་པ་བར་གྱི་ཆབ་སྲིད་དང། དཔལ་འབྱོར་དམག་དོན་བཅས་ཀྱི་སྐོར།
གཙོ་གནད། སད་ན་ལེགས་མཇིང་ཡོན་གྱི་ཆབ་སྲིད་དང་དཔལ་འབྱོར་དམག་དོན་སྐོར།
བགྲོ་གླེང། ལོ་རྒྱུ་སྨྲ་བ་ཚོས་རྡོ་བརྐོས། ཡིག་རྙིང། དྲིལ་བུའི་ཁ་བྱང་སོགས་ལ་ལྟོས་ཏེ། ལོ་རྒྱུས་ཇི་ལྟར་སྨྲ་བའི་ཚུལ།
གཞི་འཛིན་བྱ་ཡུལ།
དྲིལ་བུའི་ཁ་བྱང། བྲག་བརྐོས།
རྡོ་རིང། ཡིག་རྙིང།
གསུམ། གནའ་བོའི་རིག་གཞུང་དར་སྤེལ།
སྤྱི་ཁྱབ་གླེང་གཞི། བོད་ཀྱི་གདོད་མའི་ཆོས་ལུགས།
གཙོ་གནད། སྐད་དང་ཡི་གེ ནང་ཆོས་དར་སྤེལ་བྱུང་རབས།
བགྲོ་གླེང།   ནང་པའི་ཆོས་འབྱུང་དང་འབྲེལ་བའི་དཔེ་རྙིང་ཁག་ལ་ལོ་རྒྱུས་སྨྲ་བའི་འདོད་ཚུལ།
གཞི་འཛིན་བྱ་ཡུལ།
སྔར་གྱི་ཡིག་རྙིང་དང།
དགོན་པ་དང་མཆོད་རྟེན།
གནའ་རྫས།
བཞི། དུས་རབས་བར་མའི་ཆབ་སྲིད་ཀྱི་གནས་བབས།
སྤྱི་ཁྱབ་ཀྱི་གླེང་གཞི། དུས་རབས་༡༣ ནས་༡༧་བར་གྱི་ཆབ་སྲིད་ཀྱི་ལོ་རྒྱུས།
གཙོ་གནད། ས་སྐྱའི་གདུང་རབས་ཀྱི་དབང་བསྒྱུར་དང་སོག་པོའི་བར་གྱི་མཆོད་ཡོན་འབྲེལ་བ།བགྲོ་གླེང།
གཞི་འཛིན་བྱ་ཡུལ།
དེ་སྐབས་ཀྱི་ཡིག་འབྲེལ་ཡི་གེ
ཐམ་ག། ཐང་ག
ལྡེབས་རིས། དངོས་རྫས།
ལྔ། དུས་རབས་བར་མའི་དཔལ་འབྱོར་གྱི་གནས་བབས།
སྤྱི་ཁྱབ་གླེང་གཞི། དུས་རབས་༡༧ ནས་༡༨ བར་གྱི་དཔལ་འབྱོར་གྱི་གནས་བབས།
གཙོ་གནད། དགའ་ལྡན་ཕོ་བྲང་སྐབས་ཁྲལ་བསྡུ་དང། ས་ཞིང་བགོ་འགྲེམས། ཚོང་འབྲེལ། འབྲོག་པའི་འཚོ་ཐབས།
བགྲོ་གླེང། ལོ་རྒྱུས་སྨྲ་མ་ཚོས་ཡིག་རྙིང་དང། ཁྲིམས་ཡིག་ལ་བརྟེན་ཏེ། ལོ་རྒྱུས་ཇི་ལྟར་སྨྲ་བའི་ཚུལ།
གཞི་འཛིན་བྱ་ཡུལ།
གཞུང་ཡིག་རྙིང་པ།
ཁྲིམས་ཡིག
དྲུག དུས་རབས་བར་མའི་སྐབས་ཀྱི་ཆོས་དང་རིག་གཞུང།
སྤྱི་ཁྱབ་གླེང་གཞི། དུས་རབས་༡༡ ནས་ ༡༨ བར་གྱི་ཆོས་དང་རིག་གཞུང།
གཙོ་གནད། བོད་ཀྱི་ཆོས་བརྒྱུད་ཁག་གི་བྱུང་རིམ་དང། རིག་གནས་དར་སྤེལ།
བགྲོ་གླེང། ལོ་རྒྱུས་སྨྲ་བ་ཚོས་སྔར་གྱི་ལོ་རྒྱུས་ཡིག་ཆར་ལྟོས་ཏེ། ལོ་རྒྱུས་སྨྲ་བའི་ཚུལ།
གཞི་འཛིན་བྱ་ཡུལ།
རྒྱ་བོད་ཡིག་ཚང་ཆེན་མོ།
བདུན། དུས་རབས་བར་མའི་སྤྱི་ཚོགས་ཀྱི་གནས་བབས།
སྤྱི་ཁྱབ་གླེང་གཞི། དུས་རབས་༡༡ ནས་ ༡༨ བར་གྱི་སྤྱི་ཚོགས་ཀྱི་གནས་བབས།
གཙོ་གནད། ཁང་ཁྱིམ། ཆས་གོས་དང། འཚོ་བ། རིགས་རུས། ཕོ་མོའི་འབྲེལ་བ།
བགྲོ་གླེང། ལོ་རྒྱུས་སྨྲ་བ་ཚོས་རྣམ་ཐར་ལ་ལྟོས་ཏེ། ལོ་རྒྱུས་ཇི་ལྟར་སྨྲ་བའི་ཚུལ།
གཞི་འཛིན་བྱ་ཡུལ།
མི་ལ་རས་པའི་རྣམ་ཐར།
རྡོ་རིང་པནྜི་ཏའི་རྣམ་ཐར།
མི་དབང་རྟོགས་བརྗོད།
སླེ་ལུང་བློ་བཟང་འཕྲིན་ལས།
བརྒྱད། མི་སེར་སྤེལ་ཡུལ་དང། དབང་བསྒྱུར་གྱི་འཐབ་རྩོད།
སྤྱི་ཁྱབ་གླེང་གཞི། དུས་རབས་༡༩ དང་༢༠ འགོ་སྟོད་ཀྱི་བོད་ཀྱི་ཆབ་སྲིད་གནས་བབས།
གཙོ་གནད། ཨིན་ཇི་དང། ཨུ་རུ་སུ། རྒྱ་ནག་བཅས་ཀྱིས་བོད་ལ་དབང་བསྒྱུར་གྱི་འཐབ་རྩོད་དང་དེའི་མཇུག་འབྲས།
བགྲོ་གླེང། ལོ་རྒྱུས་སྨྲ་བ་ཚོའི་སྐབས་དེའི་གནས་བབས་ལ་ལྟ་ཚུལ།
གཞི་འཛིན་བྱ་ཡུལ།
ཨིན་ཇིིའི་གཞུང་ཡིག
ཡང་ཧ་ས་བྷན་གྱི་ཡིག་ཆ།
ཆིངས་ཡིག
དགུ སྤྱི་ཚོགས་ཀྱི་དེང་རབས་འཕོ་འགྱུར།
སྤྱི་ཁྱབ་གླེང་གཞི། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་དང་བཅུ་བཞིའི་སྐབས་ཀྱི་དེངས་རབས་ཀྱི་འཕོ་འགྱུར།
གཙོ་གནད། དེང་དུས་ཀྱི་ཤེས་ཡོན་སློབ་གསོ། དམག་དོན། དཔལ་འབྱོར།
བགྲོ་གླེང།
གཞི་འཛིན་བྱ་ཡུལ།
ཡིག་ཆ་སྣ་ཚོགས།
ཕྱག་བྲིས་ཕྱག་བསྟར་མ།
བཅུ། ནང་འགལ་དང་ཉམས་རྒུད།
སྤྱི་ཁྱབ་ཀྱི་གླེང་གཞི། དུས་རབས་༡༩ དང་༢༠ འགོ་སྟོད་ཀྱི་ནང་འགལ།
གཙོ་གནད། མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད།
གཞི་འཛིན་བྱ་ཡུལ། ཡིག་ཆ་སྣ་ཚོགས།
བཅུ་གཅིག བཙན་འཛུལ།
སྤྱི་ཁྱབ་གླེང་གཞི། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱ་རིམ།
གཙོ་གནད། ཆིངས་ཡིག་དོན་ཚན་བཅུ་བདུན་དང་གསུམ་བཅུའི་དུས་དྲན། འགོག་རྒོལ། ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་རིམ།
གཞི་འཛིན་བྱ་ཡུལ།
ངག་རྒྱུན།
གཞུང་ཡིག
བཅུ་གཉིས། བཙན་བྱོལ།
སྤྱི་ཁྱབ་གླེང་གཞི། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབས།
གཙོ་གནད། མངས་གཙོའི་འཕེལ་རིམ། སློབ་གསོ། གཞིས་ཆགས་སྲ་བརྟན།
གཞི་འཛིན་བྱ་ཡུལ།
གཞུང་ཡིག
ངག་རྒྱུན།