གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སྐབས་སུ་ས་ཁམས་རིག་པ་དེ་ངེས་སྦྱོང་མིན་པའི་སློབ་ཚན་གཙོ་གནད་ཅིག་ཏུ་བཞག་ཡོད། ལོ་ངོ་བཅུའི་རིང་སློབ་ཕྲུག་ཚོས་སྤྱིར་བཏང་སློབ་སྦྱོང་བྱས་རྗེས་འཛིན་རིམ་བཅུ་གཅིག་ནས་རང་གི་འདོད་མོས་དང་འབྲེལ་བའི་ཆེད་ལས་སློབ་ཚན་གདམ་གསེས་བྱེད་པའི་ཐོག་མའི་དུས་ལ་ཐོན་ཡོད་སྟབས། གཞི་རིམ་གོང་མའི་ས་ཁམས་རིག་པའི་བསླབ་གཞིའི་ནང་དོན་རྒྱ་ཆེ་ཙམ་དང་གཏིང་ཟབ་ཙམ་ཡོང་བ་བྱ་དགོས། ས་ཁམས་རིག་པ་ནི་ནང་དོན་དང། བསམ་བློ་གཏོང་སྟངས། ལག་རྩལ། རིན་ཐང་བཅས་འཕེལ་རྒྱས་གཏོང་བའི་གཙོ་གནད་སློབ་ཚན་ཞིག་ཡིན་པས། སློབ་ཕྲུག་ཚོས་ས་ཁམས་རིག་པར་སློབ་སྦྱོང་བྱས་ཏེ་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནད་དོན་མང་པོའི་ཐོག་གོ་རྒྱ་སྐྱེད་པ་དང་དབྱེ་ཞིབ་བྱེད་པའི་ནུས་པ་བསྐྱེད་སྲིང་བྱ་དགོས། ས་ཁམས་རིག་པས་མི་དང་ཁོར་ཡུག་གཉིས་ཀྱི་འབྲེལ་བའི་སྐོར་གླེང་གི་ཡོད་སྟབས། ས་ཁུལ་དང་མངའ་སྡེ། རྒྱལ་ཁབ། འཛམ་གླིང་སོགས་རིམ་པ་སོ་སོའི་ས་བབ་དང་མི་སྡེའི་ཁོར་ཡུག་གི་འབྲེལ་བར་སློབ་སྦྱོང་བྱས་ཏེ། མི་རྣམས་སའི་གོ་ལའི་ཐོག་ཇི་ལྟར་ཆགས་པའི་བཀོད་རིས་གསལ་པོར་བྱ་དགོས། གཞི་རིམ་གོང་མའི་བསླབ་གཞིའི་ནང་དོན་ནང་སྤྱིར་འཛམ་གླིང་གི་ས་ཁམས་དང་བྱེ་བྲག་བོད་ཀྱི་ས་དབྱིབས་དང། གནམ་གཤིས། ཁོར་ཡུག རིག་དངོས་སོགས་ཚུད་པར་བྱ་དགོས།
དམིགས་ཚད།

གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་ས་ཁམས་རིག་པའི་བསླབ་གཞིའི་དམིགས་ཚད་ནི།

  • ས་ཁམས་རིག་པའི་གཞི་རྩའི་རྣམ་བཞག་དང། ལྟ་གྲུབ། ཐ་སྙད་སོགས་ལ་མྱོང་འདྲིས་ཐུབ་པ་བྱ་རྒྱུ།
  • ས་གོ་ལའི་ཐོག་མི་དང་རང་བྱུང་གི་རྣམ་པ་དང་སྣང་ཚུལ་ཇི་ལྟར་ཆགས་ཚུལ་གྱི་བརྒྱུད་རིམ་དང་བཀོད་རིས་ཇི་བཞིན་ཤེས་པར་བྱ་རྒྱུ།
  • མི་དང་རང་བྱུང་ཁམས་ཀྱི་ཁོར་ཡུག་དབར་གྱི་འབྲེལ་ལམ་ཇི་ལྟར་ཡོད་པའི་སྐོར་ལ་ཤེས་རྟོགས་དང་དབྱེ་ཞིབ་བྱ་རྒྱུ།
  • ས་གནས་དང། རྒྱལ་ཁབ། འཛམ་གླིང་སོགས་རིམ་པ་མི་འདྲ་བའི་དཀའ་ངལ་དག་ལ་ས་ཁམས་རིག་པའི་སློབ་སྦྱོང་བེད་སྤྱད་དེ་དཀའ་ངལ་ལ་གདོང་ལེན་བྱ་ཐབས།
  • གནས་ཚུལ་བསྡུ་རུབ་དང། ལས་སྣོན། དབྱེ་ཞིབ་བཅས་བྱེད་པའི་ས་ཁམས་རིག་པའི་ནུས་རྩལ་བསྐྱེད་སྲིང་བྱས་ཏེ། ས་ཁྲ་དང། རི་མོ། གློག་ཀླད་སོགས་བཀོལ་ནས་སྙན་ཐོ་བཟོ་འགོད་བྱ་རྒྱུ།
  • ཁོར་ཡུག་དང། སྤྱི་ཚོགས། དཔལ་འབྱོར། རིགས་རུས། ཕོ་མོ་དབྱེ་འབྱེད་སོགས་ཀྱི་དཀའ་ངལ་ཁག་ལ་ས་ཁམས་རིག་པའི་སློབ་སྦྱོང་བེད་སྤྱད་དེ་དཀའ་ངལ་དེ་དག་སེལ་ཐབས་བྱ་རྒྱུ།

 

འཛིན་རིམ་བཅུ་གཅིག

ས་ཁམས་རིག་པ།

དང་པོ། ཕྱི་སྣོད་ཀྱི་བཀོད་པའི་ས་ཁམས་རིག་པའི་གྲུབ་ཆ་གཙོ་བོ།

༡) ས་ཁམས་རིག་པ་ནི་སྦྱང་གཉེར་བྱེད་ཐབས་ཤིག་ཡིན་ཚུལ།

  • ས་ཁམས་རིག་པ་ནི་སྦྱང་གཉེར་བྱེད་ཐབས་དང་ཚན་རིག་གི་རང་བཞིན་ལྡན་པ་ཞིག་ཡིན་ཚུལ།
  • ས་ཁམས་རིག་པའི་ངོས་ནས་ཕྱི་སྣོད་ཀྱི་བཀོད་པ་གལ་ཆེན་དུ་འཛིན་ཚུལ།

 

༢) སའི་གོ་ལ།

  • སའི་གོ་ལ་ཐོག་མར་ཆགས་ཚུལ་དང་། འཕེལ་འགྱུར་བྱུང་རིམ། སའི་གོ་ལའི་ནང་རོལ།
  • Wegener ཝེ་ཇེ་ནེར་གྱི་གླིང་ཆེན་དང་ས་སྡེར་ཆགས་ཚུལ་གྱི་རྣམ་བཤད་མདོར་བསྡུས།
  • བོད་དུ་ས་ཡོམ་བརྒྱབ་པའི་ལོ་རྒྱུས་དང་གནས་ཚུལ།

 

༣) ས་དབྱིབས་ཀྱི་བཀོད་པ།

  • སྤྱིར་བྲག་རྡོའི་རྣམ་གྲངས་དང་ཁྱད་ཆོས་སྤྱི། བྱེ་བྲག་ཏུ་བོད་དུ་ཡོད་པའི་བྲག་རྡོའི་རྣམ་གྲངས་དང་ཁྱད་ཆོས་དཔེ་མཚོན་དང་བཅས་པ།
  • ས་དབྱིབས་ཀྱི་བཀོད་པ་དང་འཕེལ་རིམ།
  • ས་རྡོའི་ཆག་རོ་འཐོར་ཞིག་དང་། རིམ་ཟད། སྤུངས་གསོག་སོགས་ལས་ས་ངོས་ཀྱི་རྣམ་པར་འགྱུར་ལྡོག་བྱུང་རིམ།

 

༤) ནམ་ཟླ།

  • རླུང་ཁམས་ཀྱི་གྲུབ་ཆ་དང་སྒྲོམ་གཞི གནམ་གཤིས་དང་ནམ་ཟླའི་གྲུབ་ཆ།
  • རླུང་ཁམས་ཀྱི་འགྱུར་ལྡོག་དང་ཉི་འོད་ཁྱབ་འགྱེད་ཀྱི་ཁྱད་པར་ལས་སའི་གོ་ལའི་དྲོ་གྲང་ལ་འགྱུར་བ་འབྱུང་ཚུལ།
  • ས་གནས་དང་དུས་ཚིགས་སོ་སོའི་རླུང་གི་འགྲོ་རྒྱུགས་དང་གནོན་ཤུགས།
  • རླངས་གཟུགས་གཤེར་འགྱུར་དང་གཤེར་གཟུགས་རླངས་འགྱུར་སོགས་ཀྱི་ཆོས་ཉིད་ལ་ལྟོས་ནས་ཆར་ཆུ་འབབ་ཚད་མི་འདྲ་བ་ཡོང་གི་ཡོད་ཚུལ་དང་། འཛམ་
  • གླིང་ས་ཁུལ་སོ་སོའི་ཆར་ཆུ་འབབ་ཚད་ཀྱི་གནས་སྟངས།
  • འཛམ་གླིང་སྤྱིའི་ནམ་ཟླའི་རྣམ་དབྱེ་དང་། དྲོད་ཁང་ནུས་པའི་ཤུགས་རྐྱེན། བོད་ལ་ཐེབས་པའི་གོ་ལ་ཚ་འགྱུར་གྱི་ཤུགས་རྐྱེན། ནམ་ཟླའི་འགྱུར་ལྡོག

 

༥) ཆུ།

  • ཆུ་འབྱུང་ཚུལ།
  • རྒྱ་མཚོ། དྲོད་ཚད་དང་བ་ཚྭའི་མང་ཉུང་མི་འདྲ་བའི་ཁྱབ་ཁུལ། རྦ་རླབས་དང་། དུས་རླབས། རླབས་རྒྱུན་སོགས་ཀྱི་འགུལ་སྐྱོད། མཚོ་གཏིང་གི་ས་བབ་ཆགས་ཚུལ།

 

༦) ས་སྒང་གི་སྐྱེ་དངོས།

  • བོད་ཀྱི་སྐྱེ་ཁམས་ཁོར་ཡུག རྩི་ཤིང་དང་སྐྱེ་ལྡན་གཞན་དག་གལ་ཆེན་ཡིན་ཚུལ། སྐྱེ་ཁམས་ཀྱི་རྣམ་པ་ཕུན་སུམ་ཚོགས་པོ་ཡོད་པ་དང་དེར་སྲུང་སྐྱོབ་བྱ་དགོས་ཚུལ། སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་སྙོམས་སྒྲིག

 

༧) ས་ཁྲ།

  • ས་ཁྲ་ལས་གོང་འཁོད་དག་གི་ཁྱད་ཆོས་ངོས་འཛིན་དང་ནང་དོན་ངེས་ཐབས་བྱ་དགོས།

 
གཉིས་པ། བོད་ཀྱི་ཕྱི་སྣོད་ཀྱི་བཀོད་པ་ཆགས་སྟངས།

༨) ངོ་སྤྲོད།
༩) སྐྱེ་ཁམས་རིག་པ།
༡༠) ནམ་ཟླ། སྐྱེ་ཁེབས། ས་གཤིས།
༡༡) རང་བྱུང་གི་འཇིགས་པ་དང་གོད་ཆག

  • ཆུ་ལོག ཐན་པ། ས་ཡོམ།
  • ས་ཉིལ། གངས་ཉིལ།

 

༡༢) ས་ཁྲ།

  • ས་ཁྲ་ལས་གོང་འཁོད་དག་གི་ཁྱད་ཆོས་ངོས་འཛིན་དང་ནང་དོན་ངེས་ཐབས་བྱ་དགོས།

འཛིན་རིམ་བཅུ་གཉིས།

ས་ཁམས་རིག་པ།

དང་པོ། འགྲོ་བ་མི་དང་འབྲེལ་བའི་ས་ཁམས་རིག་པའི་གྲུབ་ཆ་གཙོ་བོ།

༡) འགྲོ་བ་མི་དང་འབྲེལ་བའི་ས་ཁམས་རིག་པ།

  • འགྲོ་བ་མི་དང་འབྲེལ་བའི་ས་ཁམས་ཀྱི་རང་བཞིན་དང་ཁྱབ་ཁུལ།
  • མི་མང་།

 

༢) མི་འབོར་ཁྱབ་ཚུལ། མི་ཚོགས་འདུས་སྡོད་ཀྱི་རྣམ་པ། མི་གྲངས་འཕར་ཚད།

  • མི་འབོར་འགྱུར་ལྡོག་འབྱུང་བའི་རྒྱུ་རྐྱེན་དང་སྒྲོམ་གཞི།
  • གྲོང་གསེབ་དང་གྲོང་ཁྱེར་གྱི་ཕོ་མོའི་གྲངས་འབོར་བསྡུར་ཚད།
  • འགྲོ་བ་མི་ཡར་རྒྱས་གཏོང་བའི་གོ་དོན་དང་། ཡར་རྒྱས་འགྲོ་ཚད་ངོས་འཛིན་བྱེད། འཛམ་གླིང་རང་བཞིན་གྱི་བསྡུར་བ་བྱེད་ཚུལ།

 

༣) མིའི་རིགས་ཀྱི་བྱ་འགུལ།

  • མ་རྒྱུ་གཉེར་བའི་ལས་རིགས།
  • ཐོན་སྐྱེད་གཉེར་བའི་ལས་རིགས།
  • ཞབས་ཞུ་གཉེར་བའི་ལས་རིགས།
  • བརྡ་འཕྲིན་གཉེར་བའི་ལས་རིགས།

 

༤) སྐྱེལ་འདྲེན། འབྲེལ་མཐུད། ཚོང་འབྲེལ།

  • ས་ཐོག་འགྲིམ་འགྲུལ།
  • མཚོ་ཐོག་འགྲིམ་འགྲུལ།
  • མཁའ་ཐོག་འགྲིམ་འགྲུལ།
  • སྣུམ་དང་རླངས་རྫས་འདྲེན་སྦུག
  • ཟུང་སྐར་དང་གློག་ལམ་བརྒྱུད་པའི་འབྲེལ་མཐུད།
  • རྒྱལ་སྤྱིའི་ཚོང་དོན་གཉེར་བའི་རྨང་གཞི་དང་འགྱུར་ལྡོག།

 

༥) མི་རྣམས་གཞིས་ཆགས་ཚུལ།

  • མི་རྣམས་གྲོང་གསེབ་དང་གྲོང་ཁྱེར་ཁག་ཏུ་གཞིས་ཆགས་པའི་རྣམ་གྲངས། གྲོང་ཁྱེར་ཆེ་ཁག་ཁྱབ་ཚུལ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ནང་གཞིས་ཆགས་པར་འཕྲད་པའི་དཀའ་ངལ།

 

༦) ས་ཁྲ།

  • ས་ཁྲ་ལས་གོང་འཁོད་དག་གི་ཁྱད་ཆོས་ངོས་འཛིན་དང་ནང་དོན་ངེས་ཐབས་བྱ་དགོས།

 
གཉིས་པ། བོད་མི་མང་དང་དཔལ་འབྱོར།

༧) མི་མང་།

  • མི་འབོར་ཁྱབ་ཚུལ། མི་རྣམས་འདུས་སྡོད་ཀྱི་རྣམ་པ། མི་འབོར་འཕེལ་རྒྱས།
  • སྐད་ཡིག་མི་འདྲ་བ་དང་། ཆོས་ལུགས་མི་འདྲ་བ། ཕོ་མོ། ལས་རིགས་མི་འདྲ་བ། གྲོང་གསེབ་དང་གྲོང་ཁྱེར་དུ་འདུག་མཁན་བཅས་ཀྱིས་མི་འབོར་གྲུབ་ཚད།
  • དུས་ཚོད་དང་ས་གནས་ལ་ལྟོས་ནས་མི་འབོར་ཐད་འགྱུར་བ་འགྲོ་ཚུལ།
  • འཛམ་གླིང་རྒྱལ་ཁབ་ཁག་ནང་མི་རྣམས་གནས་སྤོ་བྱེད་སྟངས་སྤྱི་དང་བྱེ་བྲག་བོད་མི་ཚོ་རྒྱལ་ཁབ་ཁག་ནང་གནས་སྤོ་བྱེད་ཚུལ། དེ་བཞིན་གནས་སྤོ་བྱེད་པའི་རྒྱུ་རྐྱེན་དང་འབྲས་བུ།

 

༨) མི་རྣམས་གཞིས་ཆགས་ཚུལ།

  • གྲོང་གསེབ་དུ་གཞིས་ཆགས་པའི་རྣམ་གྲངས་དང་ཁྱབ་ཚུལ།
  • གྲོང་ཁྱེར་དུ་གཞིས་ཆགས་པའི་རྣམ་གྲངས་དང་ཁྱབ་ཚུལ།

 

༩) ཐོན་ཁུངས་དང་འཕེལ་རྒྱས།

  • ས་ཆའི་ཐོན་ཁུངས། སོ་ནམ་ལས་རིགས་གཉེར་ཆེད་ས་ཆའི་ཐོན་ཁུངས་སྤྱོད་པ། ས་ཁམས་ཀྱི་གནས་སྟངས་དང་འབྲུ་རིགས་གཙོ་ཆེ་བ་རྣམས་ཁྱབ་ཚུལ། ཞིང་ལས་འཕེལ་རྒྱས་གཏོང་བ་དང་དེར་འཕྲད་པའི་དཀའ་ངལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་སོ་ནམ་ཞིང་ལས་གཉེར་སྟངས་སྐོར་ཀྱི་སྲིད་ཇུས་ངོ་སྤྲོད།
  • ཆུའི་ཐོན་ཁུངས། ཆུའི་འབེལ་ཚད་དང་། ཞིང་ལས། བཟོ་ལས། ཁྱིམ་སོགས་སུ་ཆུ་སྤྱོད་སྟངས། ཆུ་དཀོན་ཚུལ་དང་གསོག་ཉར་གྱིས་ཆུད་ཟོས་མི་འགྲོ་བའི་ཐབས་ལམ་སྣ་ཚོགས། འདིར་བོད་དུ་བསྐྲུན་པའི་ཆུ་མཛོད་དག་གི་སྐོར་ལ་དཔྱད་ཞིབ་ཀྱི་ཚན་པ་ཞིག་ཟུར་འགོད་བྱོས།
  • གཏེར་རྫས་དང་ནུས་པའི་ཐོན་ཁུངས། ལྕགས་རིགས་གཏེར་རྫས་དང་ལྕགས་རིགས་མིན་པའི་གཏེར་རྫས་ཁྱབ་ཚུལ། རྒྱུན་སྲོལ་ནུས་པའི་ཐོན་ཁུངས་དང་རྒྱུན་སྲོལ་མིན་པའི་ནུས་པའི་ཐོན་ཁུངས་ཁྱབ་ཚུལ། དེ་བཞིན་གཏེར་རྫས་དང་ནུས་པའི་ཐོན་ཁུངས་སྲི་ཚགས་བྱེད་སྟངས། འདིར་བོད་ཀྱི་གཏེར་ཁ་སྔོག་འདོན་བྱེད་པའི་སྐོར་ལ་དཔྱད་ཞིབ་ཀྱི་ཚན་པ་ཞིག་ཟུར་འགོད་བྱ་དགོས།

 

༡༠) སྐྱེལ་འདྲེན། འབྲེལ་མཐུད།

  • རྒྱ་ལམ་དང་། ལྕགས་ལམ། ཆུ་ལམ། མཁའ་ལམ་བཅས་བརྒྱུད་ནས་སྐྱེལ་འདྲེན་བྱེད་པ།
  • གློག་ལམ་བརྒྱུད་རླུང་འཕྲིན་དང་། བརྙན་འཕྲིན། ཟུང་སྐར། དྲ་རྒྱ་བཅས་སྤྱད་དེ་འབྲེལ་མཐུད་བྱེད་པ།

 

༡༡) གནད་དོན་དང་དཀའ་ངལ་ཁག་ཅིག

  • གྲོང་ཁྱེར་གྱི་གད་སྙིགས་གང་སར་དོར་བས་ཁོར་ཡུག་ལ་བཙོག་སྐྱོན་ཤོར་ཐལ་ཆེ་བ།
  • གྲོང་གསེབ་ནས་གྲོང་ཁྱེར་ལ་གནས་སྤོ་བྱེད་ཚུལ་དང་། དབུལ་གྲོང་གི་དཀའ་ངལ།
  • ས་གཤིས་ཉམས་ཚུལ།