ཕྱི་ལོ་ ༢༠༢༤ ལོའི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་གསལ་བསྒྲགས།༢༠༢༤-༠༥-༡༣༄༅། །ཕྱི་ལོ་ ༢༠༢༤ ལོའི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་ཁོངས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང། ལས་རིགས་སྦྱོང་བརྡར། ཌིབ་ལོ་མ། གཙུག་ལག་རབ་འབྱམས་པ། རིགས་གཅིག་རྐང་འཛིན། དམིགས་བསལ་སློབ་ཡོན་བཅས་སློབ་ཡོན་ས་མིག་གྲངས་ ༦༠༥ ཡོད།
ཕྱི་ལོ་ ༢༠༢༤ ལོའི་ཤེས་རིག་ཟུར་བཅད་ས་མིག་གསལ་བསྒྲགས།༢༠༢༤-༠༥-༡༣༄༅། །ཕྱི་ལོ་ ༢༠༢༤ ལོའི་ཤེས་རིག་ཟུར་བཅད་ཞབས་སྟེགས་ས་མིག་ཁོངས་སྨན་པ་དང་། ཨིན་ཇི་ནི་ཡར་རིང་། ཚན་རིག་དགེ་འོས་ཉེ་བའི་གཙུག་ལག་རབ་འབྱམས་པ། སྨན་སྦྱོར་ཉེ་བའི་གཙུག་ལག་རབ་འབྱམས་པ། སྨན་སྦྱོར་ཌིབ་ལོ་མ། ཨིན་ཇི་ནི་ཡར་རིང་ཌིབ་ལོ་མ་བཅས་ཀྱི་ཟུར་བཅད་ས་མིག་ཁྱོན་གྲངས ༢༣ ཡོད།
གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་འདུ་བསྐོང་ཚོགས།༢༠༢༤-༠༥-༡༠༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༨ ནས་ ༡༠ བར་ཉིན་གསུམ་གྱི་རིང་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་དུ་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་འདུ་སྐོང་འཚོགས་གནང་ཡོད།
ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བོད་ཡིག་ཟབ་སྦྱོང་ཞིག་འགོ་བཙུགས་གནང་བ།༢༠༢༤-༠༥-༠༤༄༅། །ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡ ནས་ ༡༢ བར་ཉིན་གྲངས་བཅུ་གཉིས་རིང་སཾ་བྷོ་ཊའི་ཁྱབ་ཁོངས་དབྱར་ཁར་གུང་སེང་འཁེལ་བའི་སློབ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བོད་ཡིག་ཟབ་སྦྱོང་ཞིག་འགོ་བཙུགས་ཞུས་ཡོད།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་ས་གངས་སྐྱིད་སམ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་གནང་བ།༢༠༢༤-༠༥-༠༢༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༡ རེས་གཟའ་ལྷག་པ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་ས་གངས་སྐྱིད་སམ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་དང་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཞུས་ཡོད།
གནམ་ལོ་གསར་ཚེས་ཀྱི་ཉིན་མོར་ཤེས་རིག་ལས་ཁུངས་ནས་ལོ་གསར་གྱི་དགའ་སྟོན་ཞེས་པའི་བྱིས་པའི་འགུལ་བརྙན་འགྲེམས་སྤེལ་གནང་བ།