ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་སུམ་ཅུ་སོ་བཞི་པ་ལེགས་གྲུབ་ཟིན་པ།༢༠༢༣-༠༨-༣༠༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༡ ནས་ ༢༥ བར་ཉིན་གྲངས་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་སུམ་ཅུ་སོ་བཞི་པ་བསྐྱངས་ཡོད།
དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ།༢༠༢༣-༠༨-༢༥༄༅། །ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༣ ནས་ ༣༠ བར་གྱི་དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དེ་བཞིན་མ་སུ་རི་བོད་ཁྱིམ་དུ་འགོ་འཛུགས་གནང་བ་བཞིན་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཁག་ཆེད་ཕེབས་གནང་བ།
ཤེས་རིག་ལས་ཁུངས་ཀྱིས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམ་པར་འགོ་འཁྲིད་ཟབ་སྦྱོང་གནང་འགོ་ཚུགས་པ།༢༠༢༣-༠༨-༢༥༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མ་ཧཏྦ་ (Mahattattva) ཚོགས་པ་ཟུང་སྦྲེལ་ཐོག་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་སྤྱི་དང་དགེ་ཆེ་རྣམ་པའི་འགོ་ཁྲིད་ནུས་རྩལ་གོང་མཐོར་གཏང་རྒྱུ་ཡིན་པ་ལྟར་སློབ་སྤྱི་དང་དགེ་ཆེ་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
བོད་དགེའི་འོས་སྦྱོང་ཆེད་འཚང་སྙན་འབུལ་དུས་ཕར་འགྱངས་ཞུས་པའི་གསལ་བསྒྲགས།༢༠༢༣-༠༨-༢༥༄༅། །ཤེས་རིག་ལས་ཁུངས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་གཏན་འཁེལ་བའི་བོད་དགེའི་འོས་སྦྱོང་དུ་འཛུལ་ཞུགས་སླད་འཚང་སྙན་འབུལ་དུས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༨ བར་ཕར་འགྱངས་ཞུ་རྒྱུ་དང་། དེ་སྔའི་བོད་དགེའི་འོས་སྦྱོང་གི་ཆ་རྐྱེན་གཤམ་གསལ་ལྟར་ཡིན།
ཤེས་རིག་ལས་ཁུངས་ཀྱིས་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།༢༠༢༣-༠༨-༢༢༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༢༡ ནས་ ༣༠ བར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་བརྒྱད་དང་། རྡ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་གཅིག་ནང་ལ་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད།