ཟླ་རེའི་གསར་འགྱུར།

གསར་གནས།

ཤེས་རིག་ལས་ཁུངས་ནས་འཛིན་རིམ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ཉིན་རྒྱབ་ནས་ ༡༨ བར་ཉིན་གསུམ་དང་ཕྱེད་ཀའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གནང་བ།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་པ་བསྐོང་ཚོགས་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༣ དང་ ༡༤ བཅས་ཉིན་གྲངས་གཉིས་རིང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་པ་བསྐོང་ཚོགས་གནང་ཡོད།

ཤེས་རིག་ལས་ཁུངས་ནས་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོའི་ཐོག་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་ཁྲིད་པའི་ཟབ་སྦྱོང་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༡༤ ནས་ ༡༨ བར བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོའི་ཐོག་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་ཁྲིད་པའི་ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་གོ་སྒྲིག་གནང་ཡོད་པ་རེད།

ཚན་རིག་ཤེས་ཡོན་འགན་འཛིན་གྱིས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་དུ་མཉམ་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ (NCERT) ཀྱིས་ཟབ་སྦྱོང་ཞིག་ཚན་རྩིས་འབྲེལ་མཐུད་པ་རྣམས་དང་སློབ་དཔོན་ཁག་ཅིག་ལ་ལྡི་ལིར་ཚན་རྩིས་སློབ་གསོ་ཚན་པའི་ཚོགས་ཁང་དུ་གོ་སྒྲིག་ཞུས་གནང་བ།

||      གསལ་བསྒྲགས།