ལྡི་ལི་ཤེས་དཔར་དབུས་ལས་ཁུངས་སུ་ལས་བྱེད་གསར་འདེམས་གསལ་བསྒྲགས། ༄༅། །ལྡི་ལི་ཤེས་དཔར་དབུས་ལས་ཁུངས་སུ་དོས་གཉེར་ལས་རོགས་གཅིག་གསར་འདེམས་གནང་རྒྱུ་ཡིན་པས། གམ་གསལ་ཆ་རྐྱེན་ཚང་ཞིང་ཚོགས་པར་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༠༤ ཕྱི་དྲོ་ཕྱག་ཚོད་ ༥།༠༠ འགྱངས་མེད་སྙན་འབུལ་དགོས་རྒྱུ། ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་གནང་བ། ༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༢༡ རེས་གཟའ་ལྷག་པ་ཉིན་འདི་ག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་བསྐོང་ཚོགས་གནང་ཡོད། ཤེས་རིག་ལས་ཁུངས་ནས་མ་སུ་རི་བོད་ཁྱིམ་དུ་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་བ། ༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༢ ནས་ ༡༧ བར་ཉིན་གྲངས་དྲུག་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དང་། མ་སུ་རི་སཾ་བྷོ་ཊ་གཏན་སློབ་གཉིས་ཀྱི་འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་སློབ་ཕྲུག་རྣམས་ལ་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གནང་ཡོད།

ཟླ་རེའི་གསར་འགྱུར།

གསར་གནས།

༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩིར་ཤེས་རིག་བཀའ་བློན་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༥ ཉིན་རྡ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕེབས་པ།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་རྟེན་གཞི་བྱས་པའི་སཾ་བྷོ་ཊའི་སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། དེ་ཡང་བཀའ་བློན་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༢ ཉིན་ལྡི་ལི་དང་། ཕྱི་ཚེས་ ༢༣…

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྦེལ་ཇམ་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་གྲྭ་ཁག་གཉིས་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༩ ཉིན་གྱི་ཞོགས་པ་པེ་རི་སི་ཁུལ་གྱི་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་ལེགས་གྲུབ་ཀྱིས་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་སྦར་སིལ་དུ་ཕེབས་འབྱོར་སྐབས་སྦེལ་ཇམ་ཆོས་རིག་འཛིན་སྐྱོང་ཁང་གིས་སྣེ་ལེན་གཟབ་རྒྱས་ཞུས་པ།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕ་རཱན་སི་ཨེ་ཨི་ཊི་རོགས་ཚོགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་ཆེན་མཛད་སྒོར་གསུང་བཤད་གནང་བ།

༄༅།  །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕ་རཱན་སི་ཨེ་ཨི་ཊི་ (AET) རོགས་ཚོགས་ལས་ཁུངས་སུ་ཆེད་ཕེབས་ཀྱིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་མཇལ་འཕྲད་གནང་སྟེ་བཀའ་དྲིན་རྗེས་དྲན་གྱི་མཇལ་དར་དང་ཕྱག་རྟགས་གནང་ཡོད།

ཤེས་རིག་བཀའ་བློན་མཆོག་ཕ་རཱན་སི་དང་སྦེལ་ཇམ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༥ ནས་ ༡༢ བར་ཕ་རཱན་སི་དང་སྦེལ་ཇམ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་མ་ཟད་ཚེས་ ༠༨ ཉིན་ཕ་རཱན་སི་ཨེ་ཨི་ཊི་རོགས་ཚོགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་…

ཤེས་རིག་གི་དྲྭ་ཚིགས་གཞན།

||      གསལ་བསྒྲགས།