ཟླ་རེའི་གསར་འགྱུར།

གསར་གནས།

དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༄༅། །དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཟླ་འདིའི་ཕྱི་ཚེས་ ༡ ནས་ ༤ བར་དང་། དྲུང་ཆེ་འཇིགས་མེད་རྣམ་རྒྱལ་མཆོག་ཕྱི་ཚེས་ ༡ ནས་ ༡༡ བར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ་བཞིན་སྐོུ་རྣམ་གཉིས་དེ་རིང་ཞོགས་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།

གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་དགེ་རྒན་གྱི་དྲྭ་ཐོག་བོད་ཡིག་ཟབ་སྦྱོང་།

༄༅། །བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཤེས་རིག་ལས་ཁུངས་ནས་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་གཏན་འབེབས་དང་དཔར་འགྲེམས་གནང་བ་དེ། ཕྱི་ལོ་ ༢༠༢༣ ལོའི་སློབ་དུས་གསར་པ་ནས་ཁྱབ་ཁོངས་སློབ་གྲྭ་ཁག་ནང་ལག་བསྟར་གནང་རྒྱུ་ཡིན་པ།

རྒྱ་གར་རྒྱལ་ཡོངས་ཚན་རིག་དང་རྩིས་རིག ཁོར་ཡུག་འགྲེམས་སྟོན་ཐེངས་ཞེ་བཅུ་ཞེ་དགུ་པར་བོད་ཕྲུག་ལྔ་མཉམ་ཞུགས་གནང་བ།

༄༅། །རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་ (NCERT) དང་ཨ་སམ་གྱི་ཤེས་རིག་ལྷན་ཁང་ཟུང་སྦྲེལ་གྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༢ ནས་ ༢༧ བར་རྒྱ་གར་རྒྱལ་ཡོངས་ཚན་རིག་དང་། རྩིས་རིག ཁོར་ཡུག་འགྲེམས་སྟོན་ཚོགས་ཡོད་པ་ལྟར་བོད་ཕྲུག་ལྔ་མཉམ་ཞུགས་གནང་ཡོད།

བྱིས་པའི་ཉིན་མོར་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན།

༄༅། །ལོ་ལྟར་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་གྱི་སྲིད་བློན་དང་པོ་པཎྜི་ཏ་ཇ་ཝཱ་ཧར་ལཱལ་ནེཧ་རཱུ་ (Pandit Jawaharlal Nehru) མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། ངས་ཐོག་མར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་སློབ་ཕྲུག་ཚང་མར་འཚམས་འདྲི་དང་སྦྲགས་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

||      གསལ་བསྒྲགས།