ཤེས་རིག་བརྡ་ཆད་ཚན་པ་དང་བོད་མིའི་སློབ་གྲྭ་ཁག་གི་ཐ་སྙད་ཚོགས་ཆུང་དབར་དྲ་ཐོག་ཚོགས་འདུ་སྐོང་ཚོགས་ཞུས་པ། ཤེས་རིག་བརྡ་ཆད་ཚན་པ་དང་བོད་མིའི་སློབ་གྲྭ་ཁག་གི་ཐ་སྙད་ཚོགས་ཆུང་དབར་དྲ་ཐོག་ཚོགས་འདུ་སྐོང་ཚོགས་ཞུས་པ། ༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢:༣༠ ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག་བརྡ་ཆད་གཏན་འབེབས་བྱེད་ཕྱོགས་ཀྱི་ཚོགས་འདུའི་ལས་རིམ་ཞིག་དྲ་ཐོག་བརྒྱུད་སྐོང་ཚོགས་ཞུ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༢༤ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས། ཕྱི་ལོ་ ༢༠༢༤ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཡིག་འགྲུལ་གྱི་ལམ་ནས་སློབ་གཉེར་བྱ་རྒྱུའི་ཆེད་སློབ་ཡོན་ས་མིག་གྲངས་ ༧༥ ཡོད་པའི་གསལ་བསྒྲགས་ཞུ་རྒྱུ་དང་སློབ་ཡོན་འདི་བཞིན་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་ཆེད་དུ་དམིགས་པ་ཞིག་ཡིན། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་མ་སུ་རིར་བསྐོང་ཚོགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་མ་སུ་རིར་བསྐོང་ཚོགས། ༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༢༠ ཉིན་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༠༩ དང་ ༡༧ གཉིས་སཾ་བྷོ་ཊ་མ་སུ་རི་གཏན་སློབ་ཏུ་བསྐོང་ཚོགས་གནང་ཡོད་པ་དང་ལྷན་ཚོགས་ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཆེད་ཕེབས་གནང་ཡོད།

ཟླ་རེའི་གསར་འགྱུར།

གསར་གནས།

ཕྱི་ལོ་ ༢༠༡༩ ལོའི་ཨ་རི་བོད་མིའི་སློབ་ཡོན་ཐོབ་མཁན་རྣམས་ལ་སྔོན་འགྲོའི་རྒྱུས་སྟོན་གནང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ ནས་ ༢༥ བར་ཉིན་གྲངས་གཉིས་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༩ ལོའི་ཨ་རི་བོད་མིའི་སློབ་ཡོན་བཞེས་མཁན་གྲངས་ ༨ ལ་སྔོན་འགྲོའི་རྒྱུས་མངའ་ལམ་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ཨ་རི་བོད་ཀྱི་ཐེབས་རྩ་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཆོས་འཕེལ་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་བཅས་ཕེབས་ཡོད། (more…)

བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༣ རེས་གཟའ་ཕུར་བུ་ཉིན། འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་ཌེན་མཱརྐ་གཞུང་གི་ཌ་ནི་ཌ་ DANIDA རོགས་ཚོགས་ཀྱི་མཐུན་འགྱུར་འོག་ཤེས་རིག་ཚོགས་ཁང་དུ་ཉིན་གྲངས་གཅིག་རིང་བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད། (more…)

ཕྱི་ལོ་ ༢༠༢༠ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ཁོངས་སུ་མི་འགྲོའི་འདེམས་རྒྱུགས་འགོ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༡ ཉིན། འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ (Tibetan Scholarship Program) ཁོངས་སུ་མི་འགྲོའི་འདེམས་རྒྱུགས་འགོ་འཛུགས་གནང་། (more…)

སུད་སིའི་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་གནང་།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་སུད་སིའི་ནང་ཕེབས་འབྱོར་གྱིས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༡ ཉིན་སུད་སི་རྒྱལ་ས་བྷན་ Bern དང་ཨར་གའོ་Aargau མངའ་སྡེའི་ནང་རྟེན་གཞི་བྱས་པའི་གཟའ་མཇུག་སློབ་གྲྭ་ཁག་གི་ནང་འཚམས་གཟིགས་དང་སློབ་ཕྲུག་གི་ཕ་མ་ཚོར་ཐུག་འཕྲད་གནང་ (more…)

བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་གཉིས་པ་ལེགས་གྲུབ་ཟིན་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༣ ནས་ཉིན་གྲངས་ལྔའི་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག དྷ་ས་གངས་སྐྱིད་ཤེས་རིག་བརྡ་ཆད་ཚན་པའི་ལས་ཁུངས་སུ་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་གཉིས་པ་བསྐྱངས་ཏེ། འཛིན་སྐྱོང་གི་ཐ་སྙད་ཁོངས་ཤེས་ཡོན་དང་། ཁྲིམས་ལུགས། ཆབ་སྲིད། ཁོར་ཡུག་བཅས་དང་། དེ་བཞིན་ཚན་རིག འཕྲུལ་ཆས་སོགས་ཀྱི་ཐ་སྙད་ཁྱོན་བསྡོམས་གྲངས་ ༥༠༠ ལྷག་ཙམ་གཏན་འབེབས་གནང་ཐུབ་ཡོད། (more…)

||      གསལ་བསྒྲགས།

Menu