ཟླ་རེའི་གསར་འགྱུར།

གསར་གནས།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐོར་གྱི་གོ་རྟོགས་ལས་རིམ་ལེགས་གྲུབ་ཟིན་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦ ནས་ཟླ་ ༡༡ ཚེས་ ༢༡ བར་ཟླ་དྲུག་རིང་འདི་ག་ཤེས་རིག་ལས་ཁུངས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་དང་གོ་རྟོགས་སྤེལ་བའི་ལས་རིམ་ལེགས་གྲུབ་བྱུང་། (more…)

བྱིས་པའི་དུས་ཆེན་གྱི་ལེགས་སྐྱེས་སྒྲུང་དེབ་པར་སྐྲུན།

༄༅། །ཕྱི་ལོ་༢༠༡༨ ཟླ་༡༡ ཚེས་༡༤ བྱིས་པའི་དུས་ཆེན་ཉིན་མོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་བྱེད་འགོ་ལས་ཡོངས་ནས་གཏན་ཉིན་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་འཚམས་འདྲི་ཞུ་བ་དང་སྦྲགས། བྱིས་པའི་དུས་ཆེན་གྱི་ལག་རྟགས་སུ་འཛམ་གླིང་གི་གྲགས་ཅན་སྒྲུང་དེབ་ ༡༥ བོད་སྒྱུར་དང་། རིམ་པ་ཅན་གྱི་གསར་རྩོམ་སྒྲུང་དེབ་ ༥ བཅས་ཁྱོན་བྱིས་པའི་དཔེ་དེབ་ ༢༠ པར་སྐྲུན་གྱིས་འགྲེམས་སྤེལ་བྱེད་བཞིན་ཡོད། (more…)

ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༣ ཉིན་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་རྒྱུག་མཆོང་འཕེན་གསུམ་གྱི་ལོ་འཁོར་རྩེད་འགྲན་ཐེངས་ ༡༤ པའི་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་ཆེད་ཕེབས་གནང་ཡོད། (more…)

ཤེས་རིག་བཀའ་བློན་མཆོག་མ་སུ་རི་བོད་ཁྱིམ་དང་སེ་ལ་ཀུའི་བོད་ཁྱིམ་བཅས་ཀྱི་ལོ་འཁོར་རྩེད་འགྲན་གྱི་སྐུ་མགྲོན་གཙོ་བོར་མགྲོན་འབོད་དང་འབྲེལ་ཉེ་འཁོར་སློབ་ཁག་ཏུ་འཚམས་གཟིགས་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༩ ནས་ ༡༣ བར་དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་ལོ་འཁོར་རྩེད་འགྲན་ཐེངས་ཉེར་བརྒྱད་པའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཞོར་འདི་གའི་ཁྱབ་ཁོངས་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་དང། ཧར་པུར་དབུས་བོད་མིའི་སློབ་གྲྭ། མ་སུ་རི་གཏན་སློབ། སེ་ལ་ཀུའི་བོད་ཁྱིམ། བདེ་སྐྱིད་གླིང་སཾ་བྷོ་ཊ་ཉིན་སློབ། མངོན་དགའ་སློབ་གྲྭ་བཅས་སུ་འཚམས་གཟིགས་གནང། སྐབས་དེར་འདི་གའི་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ལྷན་བཅར་ཞུས། (more…)

||      གསལ་བསྒྲགས།