ཀ༽ འཛིན་གྲྭ་སོ་སོའི་རིག་ཚན་འཆར་འགོད།

སྔོན་འགྲོ་ལོ་རིམ་གསུམ།

    བོད་ཀྱི་སྐད་ཡིག་དང༌།  རྩིས་རིག རྒྱུན་ལྡན་ལས་རིགས་སྐོར་གྱི་སྦྱོང་བརྡར། དབང་པོའམ་ཚོར་ཤེས་འཚར་བསྐྱེད་ཀྱི་སྦྱོང་བརྡར། ལུས་སྦྱོང་དང་རྩེད་མོ། ཟློས་གར། གཞན་ཡང་སློབ་ཕྲུག་གི་འཚར་ལོངས་དང་འདོད་མོས་ལ་འཚམས་པའི་ལག་རྩལ་དང་བྱེད་སྒོ་གང་འོས་སྤེལ་འཐུས།
འཛིན་རིམ་དང་པོ།
    བོད་ཡིག་དང༌། རྩིས་རིག  ཁོར་ཡུག་ཤེས་བྱ། ལུས་སྦྱོང་དང་རྩེད་མོ།  ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་བཟོ་རིག་གང་འོས་སློབ་ཚན་དུ་འཇོག་འཐུས།
འཛིན་རིམ་གཉིས་པ།
    བོད་ཡིག་དང༌། རྩིས་རིག  ཁོར་ཡུག་ཤེས་བྱ། ལུས་སྦྱོང་དང་རྩེད་མོ།  ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་བཟོ་རིག་གང་འོས་སློབ་ཚན་དུ་འཇོག་འཐུས།
འཛིན་རིམ་གསུམ་པ།
    བོད་ཡིག་དང༌། རྩིས་རིག ཚན་རིག སྤྱི་ཚོགས་རིག་གནས། ལུས་སྦྱོང་དང་རྩེད་མོ།  ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་བཟོ་རིག་གང་འོས་སློབ་ཚན་དུ་འཇོག་འཐུས།
འཛིན་རིམ་བཞི་པ།
    བོད་ཡིག་དང༌། དབྱིན་ཡིག རྩིས་རིག ཚན་རིག སྤྱི་ཚོགས་རིག་གནས། ལུས་སྦྱོང་དང་རྩེད་མོ། ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་ཀམ་པུ་ཊར་གྱི་གཞི་རྩའི་ལག་ལེན་དང༌། བཟོ་རིག་འོས་འཚམས་རེ་བསླབ་གཞིར་འཇོག་དགོས།
འཛིན་རིམ་ལྔ་པ།
    བོད་ཡིག་དང༌། དབྱིན་ཡིག རྩིས་རིག ཚན་རིག སྤྱི་ཚོགས་རིག་གནས། ལུས་སྦྱོང་དང་རྩེད་མོ། ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་ཀམ་པུ་ཊར་གྱི་གཞི་རྩའི་ལག་ལེན་དང༌། བཟོ་རིག་འོས་འཚམས་རེ་བསླབ་གཞིར་འཇོག་དགོས།

ཁ༽ གཞི་རིམ་འོག་མའི་རིག་ཚན་ཁག་གི་ཚོགས་ཐུན་བགོད་འགྲེམས།

   སྔོན་འགྲོ་དང་གཞི་རིམ་འོག་མའི་སྐབས་ཀྱི་ཚོགས་ཐུན་རེར་དུས་ཡུན་སྐར་མ་༤༥ རེ་བརྩིས་ཏེ་བདུན་རེར་མང་མཐའ་ཚོགས་ཐུན་༤༨ ཡོད་པའི་དབང་དུ་བཏང་སྟེ། རིག་ཚན་སོ་སོར་བདུན་རེར་ཉུང་མཐའི་དགོས་ངེས་ཚོགས་ཐུན་བགོད་འགྲེམས་བྱས་པ་གཤམ་གསལ།ཟུར་སྦྱར་རེའུ་མིག་ལ་གཟིགས།
༡།    བོད་ཡིག
    འཛིན་གྲྭ་དང་པོ་དང་གཉིས་པར་བདུན་རེར་བོད་ཡིག་སློབ་ཚན་ལ་ཉུང་མཐར་ཚོགས་ཐུན་༡༦ དང༌། འཛིན་གྲྭ་གསུམ་པར་ཚོགས་ཐུན་༡༢ འཛིན་གྲྭ་བཞི་པ་དང་ལྔ་པར་བདུན་རེར་ཉུང་མཐར་ཚོགས་ཐུན་༦ རེ་བཀོད་སྒྲིག་བྱ་དགོས།
༢།    རྩིས་རིག
    འཛིན་གྲྭ་དང་པོ་དང་གཉིས་པའི་རྩིས་རིག་སློབ་ཚན་ལ་བདུན་རེར་ཉུང་མཐར་ཚོགས་ཐུན་༩ བཀོད་སྒྲིག་བྱ་དགོས། འཛིན་གྲྭ་གསུམ་པར་ཚོགས་ཐུན་༩ འཛིན་གྲྭ་བཞི་པ་དང་ལྔ་པར་བདུན་རེར་ཉུང་མཐར་ཚོགས་ཐུན་༦ རེ་བཀོད་སྒྲིག་བྱ་དགོས།
༣།    དབྱིན་ཡིག
    འཛིན་གྲྭ་བཞི་པ་དང་ལྔའི་དབྱིན་ཡིག་སློབ་ཚན་ལ་བདེུན་རེར་ཉུང་མཐར་ཚོགས་ཐུན་༡༢ བཀོད་སྒྲིག་བྱ་དགོས།
༤།    ཚན་རིག་དང་སྤྱི་ཚོགས་རིག་གནས།
    འཛིན་གྲྭ་དང་པོ་དང་གཉིས་པའི་སྐབས་སུ་ཚན་རིག་དང་སྤྱི་ཚོགས་རིག་གནས་ལོགས་སུ་མ་དགོས་པར་ཁོར་ཡུག་ཤེས་བྱའི་ཁོངས་སུ་བསྡུ་རྒྱུ་དང༌། དེ་དག་གི་སྐབས་སུ་བདུན་རེར་ཉུང་མཐར་ཚོགས་ཐུན་༦ བཀོད་སྒྲིག་བྱ་དགོས། འཛིན་གྲྭ་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་ཚན་རིག་དང་སྤྱི་ཚོགས་རིག་གནས་ལ་བདུན་རེར་ཉུང་མཐར་ཚོགས་ཐུན་༥ རེ་བཀོད་སྒྲིག་བྱ་དགོས།
༥།    ལུས་སྦྱོང་དང་རྩེད་མོ།
    འཛིན་གྲྭ་དང་པོ་དང་གཉིས་པའི་ལུས་སྦྱོང་དང་རྩེད་མོ་ལ་བདུན་རེར་ཉུང་མཐར་ཚོགས་ཐུན་༢ དང༌། འཛིན་གྲྭ་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་སྐབས་སུ་བདུན་རེར་ཉུང་མཐར་ཚོགས་ཐུན་༢ རེ་བཀོད་སྒྲིག་བྱ་དགོས།
༦།    ཟློས་གར།
    འཛིན་གྲྭ་དང་པོ་དང་གཉིས་པའི་ཟློས་གར་རིག་ཚན་ལ་བདུན་རེར་ཉུང་མཐར་ཚོགས་ཐུན་༢ དང༌། འཛིན་གྲྭ་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་སྐབས་སུ་བདུན་རེར་ཉུང་མཐར་ཚོགས་ཐུན་༢ རེ་བཀོད་སྒྲིག་བྱ་དགོས།
༧།    ཀམ་པུ་ཊར།
    ཀམ་པུ་ཊར་གྱི་གཞི་རྩའི་ལག་ལེན་ལ་སྦྱོང་གོམས་ཡོང་སླད། གཞི་རིམ་འཛིན་གྲྭ་བཞི་པ་དང་ལྔ་པ་བཅས་ཀྱི་སྐབས་སུ་བདུན་རེར་ཉུང་མཐར་ཚོགས་ཐུན་༢ རེ་བཀོད་སྒྲིག་བྱ་དགོས།
༨།    བཟོ་རིག་པ།
    འཛིན་གྲྭ་དང་པོ་དང་གཉིས་པ། གསུམ་པ་བཅས་སུ་བདུན་རེར་ཉུང་མཐར་ཚོགས་ཐུན་༩ དང༌། འཛིན་གྲྭ་བཞི་པ། ལྔ་པ་བཅས་ཀྱི་སྐབས་སུ་བདུན་རེར་ཉུང་མཐར་ཚོགས་ཐུན་༦ རེ་བཀོད་སྒྲིག་བྱ་དགོས།

མདུན་ཤོག