འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཚན་རིག་སྡེ་ཚན་གྱི་བསླབ་གཞི།

ཀ༽ དངོས་ཁམས་རིག་པ། (PHYSICS)

གཞི་རིམ་གོང་མ་ནི་སྤྱིར་བཏང་སློབ་སྦྱོང་ནས་ཆེད་ལས་སློབ་སྦྱོང་ལ་ཁ་ཕྱོགས་པའི་གནས་སྐབས་ཤིག་ཡིན་པས། དངོས་ཁམས་ཚན་རིག་གི་བསླབ་གཞིའི་ནང་དོན་གཏིང་ཟབ་ཏུ་གཏོང་བའི་ཐབས་ལམ་བཟུང་དགོས་པ་དང་ཆབས་ཅིག སློབ་མའི་ཚན་རིག་གི་གོ་རྟོགས་རྒྱ་གང་ཆེར་སྤེལ་དགོས། བསླབ་གཞི་གསར་པའི་ནང་དོན་ཐད་གཤམ་འཁོད་ཁྱད་ཆོས་རྣམས་འབུར་དུ་ཐོན་པར་གཙོ་འདོན་བྱས་ཡོད་དེ།

  • དངོས་ཁམས་རིག་པའི་གཞི་རིམ་གོ་དོན་ཤེས་རྟོགས་ཐུབ་པ་བྱ་རྒྱུ། (Basic Conceptual understanding)
  • དངོས་ཁམས་རིག་པའི་གཅིག་འགྱུར་ཨང་རྟགས་དང། (SI units) བརྡ་སྦྱོར་རིག་པ། (Symbols) བརྡ་སྦྱོར་རྣམ་རིག་པ། (Nomenclature) སོགས་རྒྱལ་སྤྱིའི་མཚོན་རྟགས་ལྟར་བཀོལ་སྤྱོད་ཐུབ་པ་བྱ་རྒྱུ།
  • སློབ་ཚན་གྱི་གོ་རིམ་འབྲེལ་ཆགས་པ་དང། བསླབ་གཞིའི་ནང་དོན་རྣམས་གནས་བསྡུས་རན་ཞིང་སློབ་ཚན་ཕན་ཚུན་མཚམས་སྦྱོར་ཐུབ་པ་དགོས།
  • བསླབ་གཞིའི་ནང་དོན་ཟློས་སྐྱོན་མི་འགྲོ་བར་གཙོ་འདོན་བྱས་ཏེ། བསླབ་གཞིའི་ཁུར་པོ་ཡང་དུ་གཏོང་དགོས།
  • དངོས་ཁམས་རིག་པའི་དཀའ་གནད་གསེལ་བཀྲོལ་དང་། བྱ་རིམ། བཀོལ་སྤྱོད་བྱ་སྟངས་བཅས་ཀྱི་ནུས་རྩལ་གོང་མཐོར་གཏོང་རྒྱུ།
  • དངོས་ཁམས་རིག་པའི་ཐོག་ཆེད་ལས་སློབ་སྦྱོང་རྒྱུན་འཁྱོངས་བྱ་ཆེད། གཞི་རིམ་གོང་མར་ཚན་རིག་གི་གཞི་རྟེན་ལེགས་པོ་ཞིག་འདིང་རྒྱུ་གལ་ཆེ།
  • དངོས་ཁམས་རིག་པ་དང་འབྲེལ་བའི་བཟོ་གྲྭ་དང་འཕྲུལ་རིག་ལག་རྩལ་གྱི་བྱ་རིམ་ཁག་ལ་ཤེས་རྒྱ་བསྐྱེད་ཐབས།
  • སློབ་མའི་རྒྱུད་དུ་ཚོད་ལྟ་དང། (Experimental) རྟོག་ཞིབ། (Observational) མྱོང་འདྲིས། (Manipulative) ཐག་གཅོད། (Decision making) (Investigatory) བཅས་བྱེད་པའི་བྱ་རིམ་གྱི་ནུས་རྩལ་གོང་མཐོར་གཏོང་རྒྱུ།
  • དཀའ་གནད་གསེལ་བཀྲོལ་དང། གསར་གཏོད་ཀྱི་བསམ་བློ་བསྐྱེད་ཐབས།
  • བསླབ་གཞིའི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པར་བྱས་ནས། དངོས་ཁམས་རིག་པ་དང་སློབ་ཚན་གཞན་དག་དབར་འབྲེལ་བ་གང་ཡོད་ངོས་འཛིན་དང་གཤིབ་བསྡུར་ཐུབ་པ་བྱ་རྒྱུ།

 

འཛིན་རིམ་བཅུ་གཅིག

དངོས་ཁམས་རིག་པ།

༡། དངོས་ཁམས་ཀྱི་འཇིག་རྟེན་དང་འཇལ་ཚད།  Physical world and Measurement
༢། འགུལ་འགྲོས། (Kinematics)
༣། འགུལ་བསྐྱོད་ཀྱི་ཁྲིམས།  Laws of Motion
༤། བྱ་བ་དང་ནུས་ཤུགས། སྟོབས་ཤུགས། Work, Energy & Power
༥། རྡུལ་གྱི་མ་ལག་གི་འགུལ་སྐྱོད། Motion of System of particles & Rigid Body
༦། སའི་གོ་འཐེན་ཤུགས། Gravitation
༧། རྡོག་རྫས་ཀྱི་ཁྱད་ཆོས། Properties of Bulk Matter
༨། དྲོད་སྒུལ་ཤུགས། Thermodynamics
༩། འགུལ་ནུས་ཀྱི་རྣམ་གཞག་དང་རླུང་གཟུགས་རྣམ་དག་གི་རང་བཞིན། Behaviour of Perfect Gas & Kinetic Theory of gases
༡༠། རླབས་དང་ཡོམ་འགུལ། Oscillations & Waves

འཛིན་རིམ་བཅུ་གཉིས།

དངོས་ཁམས་རིག་པ།

༡། སོར་གནས་གློག Electrostatics

ཁྱབ་རའི་སྐོར་གསར་འཇུག་བྱ་རྒྱུ།

༢། གློག་རྒྱུན་དང་གློག Current Electricity
༣། ཁབ་ལེན་དང་གློག་རྒྱུན་གྱི་ཁབ་ལེན་ནུས་པ། Magnetic effect of current & Magnetism
༤། གློག་ཁབ་ལེན་གྱི་ཁྱབ་འགྱེད་དང་རེ་མོས་གློག་རྒྱུན། Electromagnetic Induction and Alternating current
༥། གློག་ཁབ་ལེན་གྱི་རླབས། Electromagnetic Waves

Maxwel ཡི་རྩིས་ཐབས་བཞི་རྒྱས་བཤད་བྱ་རྒྱུ།

༦། འོད་ཤེལ། Optics
༧། དངོས་རྫས་ཀྱི་རང་བཞིན་གཉིས་ལྡན་དང་འོད་ཁྱབ་འགྱེད། Dual Nature of Matter

རྡུལ་དང་རླབས་ཀྱི་ཁྱད་ཆོས་ཇི་ཙམ་ལྡན་པ་ཇི་བཞིན་འགོད་རྒྱུ།
De Broglie ཡི་རྣམ་བཞག་མ་ནོར་བར་འགོད་རྒྱུ།

༨། མ་རྡུལ་་དང་ལྟེ་ཉིང། Atoms and Nuclei

ཉིེང་རྡུལ་སྦྱོར་འགྱུར་སྐབས་སུ་འཛམ་གླིང་ནང་ཉིང་རྡུལ་གྱི་དཀའ་རྙོག་སྐོར་རགས་ཙམ་ངོ་སྤྲོད་བྱ་རྒྱུ།

༩། གློག་ཆས། Electronic Devices
༡༠། འབྲེལ་མཐུད་མ་ལག Communication Systems

གློག་ཁབ་ལེན་གྱི་ནུས་པར་བརྟེན་ནས་འབྲེལ་མཐུད་བྱུང་བ་དང། འབྲེལ་མཐུད་ནི་གློག་ཆས་ལ་བརྟེན་ནས་བྱུང་བའི་སྐོར་འགོད་རྒྱུ།