༄༅། །ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་སྔོན་འགྲོའི་སློབ་ཕྲུག་ལ་དམིགས་ནས་སྔོན་འགྲོའི་གླུ་གཞས་དང་། བྱིས་སྒྲུང་ཕྱོགས་ཚད་གཉིས་ལྡན་(2D)གྱི་འགུལ་བརྙན་བཟོ་འགོད་བོགས་གཏོང་ཞུ་འཆར་ལགས་ན། རང་རེ་བོད་རིགས་ན་གཞོན་ཁོངས་ནས་འགུལ་བརྙན་བཟོ་འགོད་བོགས་མ་ལེན་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༥ འགྱངས་མེད་ཤེས་རིག་ལས་ཁུངས་ལ་སོ་སོའི་ཤེས་ཚད་དང་ཉམས་མྱོང་ཇི་ཡོད་ཡིག་ཆའི་ངོ་བཤུས་དང་། དེ་སྔ་བཟོ་འགོད་གནང་བའི་འགུལ་བརྙན་དཔེ་མཚོན། སྐར་མ་གཅིག་ལ་རིན་གོང་ཇི་ཡིན་བཅས་སྙན་ཞུ་ཞིབ་ཕྲ་འབུལ་གནང་དགོས་པའི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས ༢༠ ལ།
Secretary
Department of Education
Central Tibetan Administration
Gangchen Kyishong
Dharamsala- 176215
Distt Kangra H.P
India
མྱུར་འཕྲིན། : 01892-223481
ཁ་པར་ཨང་། : 01892-222572/222721
གློག་འཕྲིན། : [email protected] ཡང་ན། [email protected]
དྲ་ཚིགས། : www.tcewf.org