ཟླ་རེའི་གསར་འགྱུར།

མཐོ་སློབ་ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་བསྐྱངས་དོན། མཐོ་སློབ་ཏུ་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.Sc.) དང་། གཙུག་ལག་རབ་འབྱམས་པའི་ (M.Sc.) སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ། ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༡༤ ནས་ཟླ་བ་ ༧ ཚེས་ ༡༤ བར་ཟླ་གཅིག་རིང་ཉམས་གསོག་སྦྱོང་བརྡར་ཞིག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྐྱེས་དངོས་ཚན་རིག་ལྟེ་གནས་ཁང་ (NCBS) དང་། གྲོང་ཁྱེར་པུ་ནེར་རྟེན་གཞི་བྱས་པའི་རྒྱ་གར་ཚན་རིག་ཤེས་ཡོན་དང་ཞིབ་འཇུག་ལྟེ་གནས་ཁང་ (IISER) དུ་གོ་སྒྲིག་གནང་གཏན་ཁེལ་བས། དོ་དབྱིངས་ཅན་གྱི་སློབ་ཕྲུག་རྣམས་ནས་གོ་སྐབས་དམ་འཛིན་གྱིས་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡༦ འགྱངས་མེད་འགེངས་ཤོག་བཀང་འབུལ་གནང་དགོས། །


སྔོན་མ།
དགེ་སློབ་རྩོམ་འབྲི་ཐེངས་བཅུ་པའི་གསལ་བསྒྲགས།
ཕྱི་མ།
སློབ་ཁག་ཐ་སྙད་ཚོགས་ཆུང་གི་དྲྭ་ཐོག་ཚོགས་འདུ།