ཟླ་རེའི་གསར་འགྱུར།

ལ་དྭགས་སུ་ཤེས་ཡོན་སྲིད་བྱུས་གོ་རྟོགས་སྤེལ་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་འགན་འཛིན་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་ཇམ་མུ་ཀཤམཱིར་མངའ་ཁོངས་ལ་དྭགས་སུ་ཕྱི་ལོ་༢༠༡༧ ཟླ་༧ ཚེས ༡༧ ནས་ ༢༠ བར་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་དེ་གའི་གཞིས་ཁོངས་ཀྱི་ཕ་མ་རྣམས་ལ་ཤེས་ཡོན་སྲིད་བྱུས་ཐོག་གོ་རྟོགས་སྤེལ།
དེ་ཡང་ཕྱི་ཚེས་ ༡༧ སྔ་དྲོ་ལ་དྭགས་བོད་ཁྱིམ་སློབ་གྲྭ་དབུས་མའི་སྔོན་སློབ་དང་གཞི་རིམ་འོག་མར་རྟོག་ཞིབ་དང་། ཉིན་རྒྱབ་སློབ་གྲྭ་དབུས་མ་དང་། ཅོག་ལམ་ཡན་ལག་སློབ་གྲྭ། སྨན་ལྷའི་ཡན་ལག་སློབ་གྲྭ་བཅས་ཀྱི་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༧༥ ལ་ཤེས་ཡོན་སྲིད་བྱུས་གོ་རྟོགས་སྤེལ་རྗེས་དགེ་རྒན་གྱི་དོགས་དྲིར་གསལ་བཤད་གནང་ཡོད་པ་རེད། ཕྱི་དྲོ་ཆུ་ཚོད་ ༥།༣༠ ནས་ ༧།༤༥ བར་དེ་གའི་སློབ་གྲྭ་དབུས་མའི་སློབ་ཕྲུག་གི་ཕ་མ་རྣམས་ལ་ཤེས་ཡོན་སྲིད་བྱུས་གོ་རྟོགས་སྤེལ།
ཕྱི་ཚེས་ ༡༨ ཉིན་སྨན་ལྷ་ཉིན་སློབ་དང་། ཕྱི་ཚེས ༡༩ ཉིན་ཨག་གླིང་ཉིན་སློབ་བཅས་ལ་སྔ་དྲོའི་རིང་རྟོག་ཞིབ་དང་། ཉིན་རྒྱབ་དགེ་རྒན་རྣམས་དང་། ཕྱི་དྲོ་ཆུ་ཚོད་ ༥།༣༠ ནས་༧།༤༥ བར་སློབ་ཕྲུག་གི་ཕ་མ་བཅས་ཁྱོན་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༩༡ དང་ཕ་མ་གྲངས ༣༡༥ ལ་ཤེས་ཡོན་སྲིད་བྱུས་གོ་རྟོགས་སྤེལ་ཡོད
ཕྱི་ཚེས ༢༠ ཉིན་ཤེས་རིག་ལས་ཁུངས་ནས་རོགས་སྐྱོར་བརྒྱུད་གཞིས་ཆགས་ནང་དཔེ་མཛོད་གསར་འཛུགས་གནང་བ་ཁག་བེད་སྤྱོད་གནང་ཕྱོགས་དང་། དགུན་དུས་འཛིན་གྲྭའི་ཕན་ཐོགས་ཇི་བྱུང་རྟོག་ཞིབ་གནང་ཡོད་པ་རེད།

སྔོན་མ།
ཕྱི་ལོ་ ༢༠༡༧ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རྩིས་དང་ཁོར་ཡུག་འགྲེམས་སྟོན་མཇུག་སྒྲིལ་བ།
ཕྱི་མ།
གཞི་རིམ་བར་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ།