ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་ནས་ཧི་མ་ཅལ་འཕྲོད་བསྟེན་བློན་ཆེན་མཆོག་ལ་མཇལ་འཕྲད་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ནས་ད་རིང་སྔ་དྲོ་ཧི་མ་ཅལ་མངའ་སྡེ་གཞུང་གི་འཕྲོད་བསྟེན་བློན་ཆེན་ཝི་པིན་སིངྒ་པར་མར་(Sh. Vipin Singh Parma) མཆོག་མཇལ་འཕྲད་གནང་སྟེ། ཉེ་ཆར་ཁོང་འཕྲོད་བསྟེན་བློན་ཆེན་དུ་བསྐོ་བཞག་གནང་བར་འཚམས་འདྲི་ཞུས་པ་དང་། ཧི་མ་ཅལ་གཞུང་ནས་བོད་མིའི་སློབ་ཕྲུག་ཆེད་སྨན་པའི་ཟུར་བཅད་ས་མིག་ ༤ དང་སློབ་ཡོན་འབུལ་དགོས་པའི་ས་མིག་ ༣ གནང་མུས་དེ་དག་མུ་མཐུད་གནང་སྐྱོང་ཡོང་བ་དང་། དེ་བཞིན་ས་མིག་ ༡ གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཞུས་པར། བློན་ཆེན་མཆོག་ནས་མངའ་སྡེ་བློན་ཆེན་དང་བཀའ་ཤག་ལ་དགོངས་སྐོར་ཞུས་ཏེ་བཀའ་ལན་གནང་རྒྱུ་གནང་ཡོད་པ་རེད།
སྐབས་དེར་ཤེས་རིག་སློབ་ཡོན་འགན་འཛིན་དྲུང་འཕར་ངག་དབང་ཡོན་ཏན་དང་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་གཉིས་ཀྱང་ལྷན་བཅར་ཞུས་ཡོད་པ་རེད།

སྔོན་མ།
བཀའ་བློན་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་གནང་བ།
ཕྱི་མ།
རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་སྔ་ལས་ཡར་རྒྱས་བྱུང་བ།