༄༅། །སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ནང་སློབ་སྤྱི་གནས་རིམ་དང་པོའི་ལས་གནས་ས་སྟོང་ཡོད་ན། ཆ་རྐྱེན་ཚང་ཞིང་ཆོད་གན་ཐོག་ཞུགས་བློ་ཡོད་རིགས་ནས་ལས་གནས་ཞུ་སྙན་དང་དགོས་མཁོའི་ཡིག་ཆ་ཁག་གློག་འཕྲིན་ཁ་བྱང་<<[email protected]>>བརྒྱུད་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༡ འགྱངས་མེད་ངེས་འབུལ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༧ ཉིན་འདེམས་རྒྱུགས་སམ་ངོ་གཏུགས་བཅར་འདྲི་གནང་གཏན་ཡིན་པའི་ས་མིག་གསལ་བསྒྲགས་སུ། སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༠ ཉིན་ལ།།