ཟླ་རེའི་གསར་འགྱུར།

༢༠༢༣ ལོའི་ UWC སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། United World College ( UWC ) ཁྱབ་ཁོངས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་བཅོ་བརྒྱད་ཀྱི་མཐོ་སློབ་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༢༣ ལོར་རང་རེ་བོད་ཕྲུག་ཁག་ཅིག་ལ་གོ་སྐབས་གནང་རྒྱུ་ཡིན་འདུག་ན། ཤེས་རིག་ལས་ཁུངས་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་ UWC ལྷན་ཚོགས་གཉིས་ཟུང་འབྲེལ་ཐོག་རྒྱ་གར་ནང་གི་བོད་ཕྲུག་འདེམས་སྒྲུག་བྱ་རྒྱུ་ཡིན་པ་དང་། སློབ་ཡོན་འདིའི་རོགས་དངུལ་ UWC schools and colleges, UWC Committee in India, Horizon Foundation, དང་ Pestalozzi International Foundation བཅས་ནས་མཐུན་རྒྱུར་གནང་བཞིན་ཡོད་པས། སློབ་ཡོན་ལས་གཞི་འདིའི་ཁོངས་སུ་ཞུགས་འདོད་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣༡ འགྱངས་མེད་གཤམ་གསལ་སྦྲེལ་ཐག་བརྒྱུད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པ་དྲྭ་ཐོག་འབུལ་དགོས།

དྲྭ་ཐག་འདི་བརྒྱུད་ནས་འགེངས་ཤོག་འབུལ་དགོས།

སློབ་ཡོན་གྱི་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡།       འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་ཕ་མའི་དཔྱ་དངུལ་ཕྱི་ལོ་ ༢༠༢༢ བར་གཙང་ཕུལ་ཟིན་པ་དགོས། འཚང་སྙན་འབུལ་མི་རྣམས་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་དགོས། གལ་ཏེ་ལོ་ན་མ་ལོན་པའི་རྐྱེན་གྱིས་ལག་དེབ་བཟོས་མེད་པའམ་གསར་བཟོའི་ཆེད་ཕུལ་ཡོད་ཚེ་གནས་ཡུལ་ས་གནས་འགོ་འཛིན་ནས་ “འགེངས་ཤོག ཀ” པའི་ཐོག་རྒྱུ་མཚན་ཁ་གསལ་འགོད་དགོས། ༼འཚང་སྙནའབུལ་མི་རྣམས་ནས་ འགེངས་ཤོག ཀ ཞིབ་བཀང་གིས་ དྲྭ་ཐོག་བརྒྱུད་འབུལ་དགོས།༽

༢།       འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པའམ་བཅུ་གཅིག་ནས་ཡིན་པའི་ཐོག་ཕྱི་ལོ་ ༢༠༠༥ ཟླ་ ༩ ཚེས་ ༡ ནས་ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༠༡ བར་སྐྱེས་པ་ཞིག་དགོས། སྐྱེས་ཚེས་ལག་འཁྱེར་དྲྭ་ཐོག་འགེང་ཤོག་   ནང་འཇུག་དགོས། ༼ཕྱི་ལོ་ ༢༠༢༣  ཟླ་ ༩ ཚེས་ ༠༡ ཉིན་རང་ལོ་ ༡༦ ནས་ ༡༨ བར་ལོན་པ་དགོས།༽

༣།      འཚང་སྙན་འབུལ་མི་རྣམས་ཀྱིས་འཛིན་རིམ་བཅུ་པའི་སློབ་ཚན་ཁོངས་བོད་ཡིག་ངེས་པར་དུ་བླངས་པ་ཞིག་དང་། ཡང་ན་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༡༡ ཚེས ༢ ཉིན་འཛིན་རིམ་བཅུ་པའི་བོད་ཡིག་ཚད་མཉམ་ཡིག་རྒྱུགས་གོ་སྒྲིག་ཞུས་པའི་ནང་མཉམ་ཞུགས་ཀྱི་ཡིག་རྒྱུགས་འཕྲོད་པ་ཞིག་དགོས།

༤།       གཤམ་གསལ་ UWC འཚང་སྙན་འགེངས་ཤོག་གསུམ་ཞིབ་བཀང་གིས་འབུལ་དགོས།

  • Application Form ༼ སློབ་ཕྲུག་དོ་བདག་གིས་འགེང་དགོས།༽
  • Parents Declaration Form ༼ དོ་བདག་སློབ་ཕྲུག་གི་ཕ་མའམ་འགན་ཁུར་བས་འགེང་དགོས།༽
  • School Declaration Form   ༼སློབ་གྲྭའི་འགན་འཛིན་ནམ་འཛིན་གྲྭའི་དགེ་རྒན་གྱིས་འགེང་དགོས། སློབ་གྲྭའི་འགན་འཛིན་གྱི་མིང་རྟགས་དང་ལས་དམ་འཁོད་དགོས། འཛིན་རིམ་དགུ་པའི་ཡིག་རྒྱུགས་ཀྱི་ཨང་ཐོབ་ཤོག་ལྷེ་ངེས་པར་འབུལ་དགོས་པ་དང་། འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་ཨང་ཐོབ་ཤོག་ལྷེ་ཡོད་ཚེ་མཉམ་སྦྱར་དགོས།༽ ཡིག་ཆ་ཁ་སྣོན་རིགས་མཉམ་སྦྱར་མི་ཆོག།

མཆན།  ༡།       གོང་འཁོད་ Application Form དང་། Parents Declaration Form གཉིས་ལག་བྲིས་མ་ཡིན་པར་ངེས་པར་དུཀམ་པུ་ཊར་ཡིག་འབྲུའི་ཐོག་འགེང་འབུལ་དགོས།

༢།       ཕྱི་བསྐྱོད་ལག་དེབ་སེར་པོ་ (IC) ངོ་བཤུས་སམ་ལག་དེབ་གསར་བཟོའི་བྱུང་འཛིན་འགེང་ཤོག་ནང་འཇུག་དགོས།

བདམས་ཐོན་བྱུང་བའི་སློབ་ཕྲུག་རྣམས་ཀྱིས་བཅར་འདྲིར་ཞུགས་དགོས་ཤིང་། དུས་ཚོད་དང་འཚོགས་ཡུལ་རྗེས་སུ་བརྡ་ལན་འབུལ་རྒྱུ།

 

དོགས་འདྲི་ཞུ་ཡུལ།     

བསོད་ནམས་བཟང་མོ།       [email protected]

བློ་བཟང་དར་རྒྱས།                  [email protected]           ༩༨༠༥༦༨༨༤༡༤

ཤེས་རིག་སློབ་ཡོན་ཚན་པ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༥ ལ།

 

Department of Education, CTA

Gangchen Kyishong, Dharamsala – 176215

District Kangra, Himachal Pradesh, India

Phone no. +91.01892.226695 and 222721

Website: www.sherig.org, www.lamton.org

སྔོན་མ།
དགེ་སློབ་རྩོམ་འབྲི་ཐེངས་ལྔ་པའི་གསལ་བསྒྲགས།
ཕྱི་མ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་ཁྲོམ་འདུས་གཉིས་པ་གོ་སྒྲིག་གནང་བ།
Menu