ཟླ་རེའི་གསར་འགྱུར།

དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་དང་། འབུམ་རམས་པ་སློབ་ཐོན་པའི་སློབ་མ་རྣམས་ལ་སྲིད་སྐྱོང་གཟེངས་བསྟོད་བཅས་ཀྱི་བྱ་དགའ་བཞེས་མཁན་སློབ་མ་རྣམས་ཀྱི་ཐོ་གཞུང་།

གསར་འཕྲིན།

དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས།

༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་སྐབས། དམིགས་བསལ་ལས་འགུལ་མང་དག་སྤེལ་བའི་ཁོངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་རིག་བཅས་སློབ་ཚན་སྡེ་ཁག་སོ་སོའི་ནང་ནས་སྦྱང་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཞེས་ལོ་ལྟར་གནང་རྒྱུ་འགོ་འཛུགས་ཞུས་ཡོད་པ་དང་། འདི་ལོ་བྱ་དགའ་གནང་ཐེངས་ ༡༦ དེ་ཆགས་ཡོད།
གཟེངས་རྟགས་འདིའི་དམིགས་ཡུལ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། གཞན་ཡང་གཞི་རིམ་སློབ་གྲྭའི་སློབ་ཚན་སྡེ་ཁག་གསུམ་གྱི་ནང་གྲུབ་འབྲས་རྩེ་སོན་སློབ་ཕྲུག་གསུམ་ལ་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་རྒྱུ་དང་མིག་དཔེ་བཟང་པོ་སྟོན་ཐབས་ཡིན།
བཀའ་ཤག་སྐབས་ ༡༤ པས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེ་བརྩིས་གནང་གི་ཡོད་བཞིན་མཐོ་རིམ་སློབ་ཡོན་སྤར་ཆ་གནང་བ་དང་འབྲེལ། དགའ་ལྡན་ཕོ་བྲང་གཟེངས་རྟགས་དེ་སློབ་ཚན་སྡེ་ཁག་གསུམ་གྱི་སློབ་མ་རྩེ་ཕུད་གསུམ་རེ་བྱས་ཏེ་སློབ་ཕྲུག ༩ སྤར་ཆ་གནང་བ་དང་དངུལ་གྱི་བྱ་དགའ་ཡང་སྒོར་ ༥༠༠༠ ནས་སྤར་ཆ་གནང་ནས་ཨང་དང་པོ་སྒོར་ ༢༠༠༠༠ དང་ཨང་རིམ་གཉིས་པར་སྒོར་ ༡༥༠༠༠ ཨང་རིམ་གསུམ་པར་ ༡༠༠༠༠ བར་སྤར་ཆ་གནང་ཡོད།
འདི་ལོའི་གཟེངས་རྟགས་ཐེངས་ ༡༦ པ་དེ་བཞིན་ཕྱི་ལོ་ ༢༠༡༧ ནང་འཛིན་རིམ་ ༡༢ རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་གྲུབ་འབྲས་རྩེ་ཕུད་སོན་པ་སློབ་མ་བཅུ་གཉིས་ལ་ལེགས་སྐྱེས་ཕྱག་འཁྱེར་དང་བྱ་དགའ་གནང་གི་ཡོད།

༢༠༡༧ ལོའི་དགའ་ལྡན་ཕོ་བྲང་གཟེངས་རྟགས་ཐོབ་མཁན་སློབ་མ་རྣམ་པའི་མཚན་གཞུང་།

སྲིད་སྐྱོང་གཟེངས་བསྟོད།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ནས་རིགས་གཅིག་རྐང་འཛིན་གང་མང་བསྐྲུན་ཐབས་དང་དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་མི་ཆའི་ནུས་ཤུགས་དང་འཇོན་ཐང་གོང་འཕེལ་གཏོང་རྒྱུ་བཅས་ལ་དམིགས་ཏེ། སློབ་ཡོན་འཆར་གཞི་གསར་པའི་ནང་གསལ་སྲིད་སྐྱོང་གཟེངས་བསྟོད་འབུལ་ལམ་ཞུ་བཞིན་ཡོད། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ནས་སློབ་ཡོན་སྦྱར་བ་དང༌། བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་ཡོད་ལ་སྒེར་ཁུངས་ནས་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་སློབ་ཐོན་རྣམས་ལ་སྲིད་སྐྱོང་གཟེངས་བསྟོད་ཆེད་ལག་ཁྱེར་དང་ལེགས་སྐྱེས་སྒོར་ ༢༠༠༠༠ རེ་གནང་རྒྱུ།

སྲིད་སྐྱོང་གཟེངས་བསྟོད་བཞེས་མཁན་སློབ་མ་ལྔའི་མཚན་དང་ངོ་སྤྲོད་སྙིང་བསྡུས།

  1. ཨོ་རྒྱན་ལགས་ནི་ ༡༩༨༨ ལོར་བོད་ནས་འབྱོར་བ་དང་གཞི་རིམ་སློབ་གྲྭ་སུ་ཇ་བོད་ཁྱིམ་ནས་ཐོན་རྗེས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནང་སློབ་སྦྱོང་དང་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན། ད་ལྟ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རྒྱལ་རབས་ཐོག་སློབ་དཔོན་ལས་རོགས་ཚུལ་དུ་ཕྱག་ལས་གནང་མུས། འབུམ་རམས་པའི་ཉམས་ཞིབ་དཔྱད་རྩོམ། ( Ph.D Thesis ) བོད་དུ་བསྟན་པ་ཕྱི་དར་གྱི་འགོ་སྟོད་ནས་ཕྱི་ལོ་བརྒྱ་ཕྲག་བཅུ་བཞི་བར་སྔགས་གསར་མའི་རྩོམ་རིག་དང་ཕྱག་བཞེས་ཚུགས་ཚུལ་བཅས་སྔགས་རྙིང་མར་ཀླན་ཀ་ཇི་བྱུང་བཅས་ལ་དཔྱད་པ། “An Analysis of emergence of the Tantric Practices and its Literatures of ‘ Old and New System of Tantra’ in Tibet: It’s Co-existence, Inter-criticisms and Socio-cultural Impacts (11th to 14th Centuries)”
  2. འཕྲིན་ལས་དཔལ་སྒྲོན་ལགས་ནི་གཞི་རིམ་སློབ་གྲྭ་སྦེལ་སྐོབ་གཏན་སློབ་ནས་ཐོན་རྗེས། སྦེང་ལོར་ Bishop Cotton Women’s མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། དེ་བཞིན་མཻ་སོར་ B.N. Bhahadur མཐོ་སློབ་ནས་གཙུག་ལག་རབ་འབྱམས་པ་དང༌། མད་རཱ་ས྄་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན། ད་ལྟ་རྡ་ས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ཕྱག་ལས་གནང་མུས། འབུམ་རམས་པའི་ཉམས་ཞིབ་དཔྱད་རྩོམ། ( Ph.D Thesis ) སྤྱི་ཁོག་དཔལ་འབྱོར་གྱི་འགྱུར་རྐྱེན་གྱིས་རྡོ་སྣུམ་གྱི་རིན་གོང་འཕར་ཆག་ལ་ཤུགས་རྐྱེན་ཇི་ཐེབས་ཀྱི་དཔྱད་ཞིབ། “A study on the Impact of Macroeconomic Variables on Oil Price Volatility”
    བསྟན་འཛིན་ཚེས་སྐྱིད་ལགས་ནི་གཞི་རིམ་སློབ་གྲྭ་ལ་དྭགས་དང་རྡ་སྟེང་བོད་ཁྱིམ་ནས་ཐོན་རྗེས། ཧེདྲབཱད་ Osmania University་ མཐོ་སློབ་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། དེ་བཞིན་མཻ་སོར་གཙུག་ལག་སློབ་གྲྭ་ཆེན་མོ་ནས་གཙུག་ལག་རབ་འབྱམས་པ་དང༌། རིགས་གཅིག་རྐང་འཛིན་བཅས་བསླབ་པ་མཐར་སོན། འབུམ་རམས་པའི་ཉམས་ཞིབ་དཔྱད་རྩོམ། ( Ph.D Thesis ) ཀར་ཎ་ཊཀ་མངའ་ཁུལ་གྱི་བོད་མིའི་སྤྱི་ཚོགས་དཔལ་འབྱོར་གྱི་གནས་བབས་ཐོག་དངོས་མྱོང་དཔྱད་ཞིབ། “An Empirical Study on Socio-Economic Status of Tibetans in Karnataka”
  3. བསྟན་འཛིན་ཚུལ་ཁྲིམས་ལགས་ནི་གཞི་རིམ་སློབ་གྲྭ་སྤོན་ཊ་གཏན་སློབ་ནས་ཐོན་རྗེས། མད་རཱ་ས྄་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ། རིགས་གཅིག་རྐང་འཛིན་བཅས་བསླབ་པ་མཐར་སོན། ད་ལྟ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པའི་ཕྱག་ལས་གནང་མུས། འབུམ་རམས་པའི་ཉམས་ཞིབ་དཔྱད་རྩོམ། ( Ph.D Thesis ) རྒྱ་དཀར་ནག་གི་འབྲེལ་ལམ་ལ་དཔྱད་པ། ” India – China Relation ”
  4. བསྟན་འཛིན་དངོས་གྲུབ་ལགས་ནི་གཞི་རིམ་སློབ་གྲྭ་མ་སུ་རི་བོད་ཁྱིམ་ནས་ཐོན་རྗེས། University of Buffalo, New York གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན། ད་ལྟ་ Oregon Health & Science University ནང་ Postdoctoral researcher གནང་མུས། འབུམ་རམས་པའི་ཉམས་ཞིབ་དཔྱད་རྩོམ། ( Ph.D Thesis) ” Activity-dependent plasticity at the endbulb
སྔོན་མ།
སྤུ་རུ་ཝ་ལ་སློབ་དགེ་ཚེ་དབང་རབ་བརྟན་ལགས་དམ་པ་ཁོང་གིས་གསོག་དངུལ་རྣམས་བོད་ཕྲུག་ཉམ་ཐག་རྣམས་ཀྱི་ཤེས་ཡོན་ཆེད་ཞལ་འདེབས་སུ་གནང་།
ཕྱི་མ།
གཞི་རིམ་བར་མའི་ཚན་རིག་སློབ་ཚན་རིགས་ལམ་བརྒྱུད་ནས་ཁྲིད་ཐབས་ཀྱི་ལག་དེབ་རྩོོམ་སྒྲིག་གཏན་འབེབས་ཚོགས་འདུ།
Menu