ཟླ་རེའི་གསར་འགྱུར།

དབུས་བོད་སློབ་འཛིན་ཚོགས་ཀྱི་ལོ་རེའི་འགན་འཛིན་ལྷན་འཚོགས་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༡༡ ཕྱི་ ༡༡ ཚེས་ ༢༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གི་ཤེས་ཡོན་ལྷན་ཁང་དུ་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༧༧ དེ་འཚོགས་གཏན་འཁེལ་འདུག དེ་ཡང་གོང་ཚེས་ཉིན་རྒྱ་གར་གཞུང་གི་ཤེས་ཡོན་ལྷན་ཁང་གི་ཟུང་དྲུང་(Arun Chandra) ལགས་ཀྱིས་གཙོ་སྐྱོང་འོག་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། ཤེས་རིག་བཀའ་བློན་མཆོག་གི་སྐུ་ཚབ་ཤེས་རིག་གི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཚོགས་བཅར་གནང་རྒྱུ་ཡིན་འདུག དེ་བཞིན་ལྷན་ཚོགས་དེའི་ཚོགས་མིའི་ཁོངས་སུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། ལྡི་ལི་དོན་གཅོད་གཉིས་ཀྱང་ཕེབས་རྒྱུ་ཡིན་འདུག་པ་བཅས།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
གཏན་ཉིན་མཐོ་རིམ་བོད་དགེའི་ཟབ་སྦྱོང་དབུ་འཛུགས་གནང་བ།
ཕྱི་མ།
བོད་པའི་བུ་མོ་གཅིག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་སུ་གྲགས་པའི་ཨ་རིའི་རོ་སྡེ་སི་སློབ་ཡོན་ཐོབ་པ།
Menu