ཟླ་རེའི་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཤེས་ཡོན་དང་འབྲེལ་བའི་ཚོགས་པ་ཁ་བའི་གཅེས་ནོར་གྱི་གཏམ་བཤད་ལས་རིམ་གསལ་བརྡ།

གསལ་བསྒྲགས།

བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་ཁབའི་གཅེས་ནོར་ཚོགས་པས་ཟླ་ཤས་གོང་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་འབྱུང་རབས་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་དང་ཞུ་མུས་ཡིན་པ་དང་།
ཡོང་རྒྱུའི་ཪེས་གཟའ་སྤེན་པའི་ཉིན་དཔལ་ཇོ་ནང་པའི་མཁན་སྤྲུལ་སྐྱབས་རྗེ་ཀུན་དགའ་ཆོས་འཕེལ་རིན་པོ་ཆེ་མཆོག་ནས་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ཀྱི་བྱུང་རིམ་དང་བོད་ཀྱི་ཆོས་བརྒྱུད་རྣམས་ལྟ་དགོངས་གཅིག་ཏུ་འབབ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཅིག་རིང་གསུང་བཤད་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པས་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་དང་ཤེས་ཡོན་ལྟེ་གནས་ཁག་གི་དགེ་སློབ་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བ་ཞུ། དེ་འབྲེལ་གནས་ཚུལ་གཤམ་དུ་གཟིགས་གནང་ཡོད་པ་ཞུ།

ཟླ་ཚེས། ཕྱི་ལོ་༢༠༢༡ ཟླ་ ༨ ཚེས་༢༨ ཉིན།
རེས་གཟའ་སྤེན་པ།
དུས་ཚོད། སྔ་དྲོ་ཆུ་ཚོད། ༡༠:༠༠ ནས་ ༡༡:༠༠ བར།
ཐད་གཏོང་གསན་གཟིགས་གནང་ས། བོད་ཀྱི་དཔེ་མཛོད་ཁང་གི་ངོ་དེབ། http://www.facebook.com/tibetanlibrary

དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ཀྱི་བྱུང་རིམ་དང་།
སྔོན་མ།
བོད་མིའི་སྒྲིག་འཛུགས་ཀྱིས་སློབ་གྲྭ་དྲུག་རྩིས་ལེན་ཆེད་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་དང་ལྷན་དུ་ཚོགས་འདུ་འཚོགས་ཡོད།
ཕྱི་མ།
ཨ་རིའི་ཐད་ཀའི་ལས་གཞིའི་འོག་བོད་ཀྱི་སྐད་ཡིག་སླར་གསོའི་ཆེད་བྱིས་སྒྲུང་སྒྲ་དེབ་དང་། བྱིས་པའི་འགུལ་བརྙན། དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པའི་འགུལ་བརྙན་བཅས་བཟོ་སྐྲུན་ཞུས་པ།
Menu