ཟླ་རེའི་གསར་འགྱུར།

འདི་ལོའི་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་བསྟན་འཛིན་དགྲ་འདུལ་ལགས་ལ་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་པ་རྣམས་ལ་སྲིད་སྐྱོང་སློབ་ཡོན་ཞེས་ལོ་ལྟར་གནང་རྒྱུ་འགོ་འཛུགས་ཞུས་ཡོད་པ་དང་། འདི་ལོའི་གཟེངས་རྟགས་ཐེངས་གཉིས་པ་འདི་བཞིན་ཕྱི་ལོ་ ༢༠༡༥ ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས་སྒྱུ་རྩལ་སྡེ་ཚན་གྱི་སློབ་བུ་བསྟན་འཛིན་དགྲ་འདུལ་ལགས་ལ་བརྒྱ་ཆ་ ༩༥།༨ ཐོབ་ཡོད་པར་བརྟེན་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་བློན་ཆེན་མེ་ནི་ཀ་གཱན་དྷི་མཆོག་གིས་གནང་ཡོད།
    བསྟན་འཛིན་དགྲ་འདུལ་ལགས་ནི། ད་ལྟ་རྒྱ་གར་རྒྱལ་ས་ལྡི་ལིའི་ཧིན་དུ་ (Hindu College) མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། ཁོང་ནི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་གཉིས་པ་དེ་ཆགས་ཡོད། ཁོང་སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་ཡིན་ཞིང༌། འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་མཁན་རྣམས་ལ་སྲིད་སྐྱོང་སློབ་ཡོན་གྱི་གཟེངས་རྟགས་སློབ་ཡོན་འདི་གནང་གི་ཡོད་པ་བཞིན། སློབ་ཡོན་ཆེད་ཧིན་སྒོར་འབུམ་གཅིག་གནང་གི་ཡོད། ཁོང་གིས་འདི་ལོའི་འཛིན་རིམ་ ༡༢ ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥།༨ ལོན་འདུག སྲིད་སྐྱོང་སློབ་ཡོན་གྱི་དམིགས་ཡུལ་གཙོ་བོ་སློབ་ཕྲུག་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་བྱ་རྒྱུ་དེ་གོང་སྤེལ་ཡོང་ཐབས་དང༌། རྒྱལ་ཡོངས་རྒྱུགས་སྤྲོད་སྐབས་སློབ་མ་ཚོར་རྒྱུགས་འབྲས་ཡག་པོ་ཡོང་བའི་ཆེད་དུ་ཡིན་འདུག སློབ་ཡོན་འདི་བཞིན་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་གསལ་བསྒྲགས་གནང་ཡོད།།

སྔོན་མ།
སྲིད་སྐྱོང་གཟེངས་རྟགས་གནང་བ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་འདུ།
Menu