ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་ཚུད་པར་སྔོན་འགྲོའི་ཡིག་རྒྱུགས་འགོ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༥ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ (Tibetan Scholarship Program) ཁོངས་སུ་ཚུད་པར་སྔོན་འགྲོའི་ཡིག་རྒྱུགས་ལྡི་ལི་དང་སྦེང་ལོར་དུ་བཏང་གནང་ཡོད།

དེ་ཡང་སློབ་ཡོན་གྱི་ཆེད་དུ་སྙན་ཞུ་འབུལ་མཁན་གྲངས་ ༦༦ བྱུང་ཡོད་པའི་ཁོངས་ནས་མི་གྲངས་ ༦༡ འོས་ཆོས་ཚང་ཡོད། སྙན་ཞུ་འབུལ་མི་གྲངས་ ༦༡ ནས་བུ་ ༣༤ དང་ ༢༧ བུ་མོ་ཡིན་ཞིང་། སྙན་ཞུ་འབུལ་མི་གྲངས་ ༥༦ གྱིས་སྔོན་འགྲོའི་ཡིག་རྒྱུགས་བཏང་ཡོད་པ་དང་། མི་གྲངས་ ༥ ཡིས་སྔོན་འགྲོའི་ཡིག་རྒྱུགས་ནས་ཕྱིར་འཐེན་གནང་ཡོད། ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་ཟིན་རྗེས་མི་འགྲོ་ ༣༠ དྲག་འདེམས་ཀྱིས་ཟླ་བ་ ༠༥ ཚེས་ ༢༡ དང་ ༢༢ ཉིན་རྡ་རམ་ས་ལར་འདྲི་གླེང་གནང་རྒྱུ་དང་། དེ་ནས་མཐའ་མའི་འདེམས་སྒྲུག་གནང་བའི་ཁྲོད་ནས་མི་གྲངས་ ༦ ཕྱི་ལོ་ ༢༠༢༥ ལོའི་ནང་ཨ་རིར་སློབ་སྦྱོང་དུ་ཕེབས་རྒྱུ་ཡིན། ཨ་རི་བོད་མིའི་སློབ་ཡོན་ལས་གཞི་འདི་ནི་བཙན་བྱོལ་ནང་ཆེ་མཐོང་ཡོད་པའི་སློབ་ཡོན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད།

འདས་པའི་ལོ་ངོ་བཅུ་ཕྲག་གསུམ་གྱི་རིང་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་འདིས་བརྒྱུད་སློབ་གཉེར་གྱི་སྡེ་ཚན་འདྲ་མིན་ནས་སློབ་ཐོན་པ་ ༤༨༨ ལྷག་བྱུང་ཡོད་པ་མ་ཟད། སློབ་ཐོན་པ་དེ་དག་ནི་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྒྲིག་འཛུགས་གཞན་ཁག་ལ་ཞབས་འདེགས་ཞུ་མཁན་གལ་ཆེན་ཞིག་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མི་སྣ་གལ་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད།

ལས་གཞི་འདི་ནི་ཨ་རིའི་ Department of State’s Bureau of Educational and Cultural Affairs (ECA) ཡི་མཐུན་འགྱུར་དང་། བོད་ཀྱི་ཐེབས་རྩ་བརྒྱུད་འཛིན་སྐྱོང་བྱེད་མུས་ཡིན་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ལྡི་ལི་ཨ་རི་གཞུང་ཚབ་ཁང་གཉིས་མཉམ་སྦྲེལ་གྱིས་ལག་བསྟར་གནང་བཞིན་ཡོད་པ་བཅས།།

སྔོན་མ།
མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར་གསལ་བསྒྲགས།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་བཞུགས་སྒར་རྡ་སའི་ཉེ་ཁུལ་བོད་སློབ་ཁག་ཏུ་གཟིགས་སྐོར་གནང་འགོ་བཙུགས་པ།
Menu