ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གནང་བ།

༄༅། །འདི་གར་ཤེས་རིག་ལས༌ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༡༩ དང་ ༢༠ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཞི་རིམ་བར་མ་འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་འདུ་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་ནང་དུ་འཚོགས་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༣ ལོར་གཞི་རིམ་བར་མ་འཛིན་རིམ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་གཏན་འབེབས་གྲུབ་རྗེས། འདི་ལོ་མུ་མཐུད་འཛིན་རིམ་བརྒྱད་པའི་སློབ་དེབ་བསྐྱར་ཞིབ་ཆེད་གོང་ཚེས་ཉིན་གཉིས་རིང་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ད་ལྟ་ཡོད་བཞིན་པའི་སློབ་དེབ་ཀྱི་སློབ་ཚན་ཁག་དང་། སློབ་ཚན་གསར་པ་སྣོན་འཕྲི་ཅི་དགོས་བཅས་ལ་གོ་བསྡུར་སྦྱངས་བཤད་གནང་ཡོད།

ཚོགས་འདུ་རུ་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དང་སྤྱི་ཚོགས་ཚན་རིག་རྩོམ་སྒྲིག་ཟུར་པ་བསོད་ནམས་བཟང་པོ་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས། སློབ་དེབ་རྩོམ་སྒྲིག་པ་པ་སངས་ཚེ་རིང་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་བསྟན་འཛིན་དབང་ཕྱུག་ལགས་དང་རྒན་ལྷ་འཛོམས་ཚེ་རིང་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་ངག་དབང་ཚེ་བརྟན་ལགས་དང་རྒན་བཀྲ་ཤིས་ལྷ་མོ་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་ཀུན་བཟང་རྡོ་རྗེ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དགེ་རྒན་བཀྲ་ཤིས་མཚོ་མོ་ལགས་བཅས་མཉམ་ཞུགས་གནང་ཡོད།

ཐེངས་འདིའི་ཚོགས་འདུ་ཌེ་ན་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་རྣམས་ལ་དམིགས་པའི་ཀམ་པུ་ཊར་སློབ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
༢༠༢༣ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།
Menu