ཟླ་རེའི་གསར་འགྱུར།

སྒྲུང་དེབ་བོད་སྒྱུར་བ་དང་རི་མོ་བ་དགོས་མཁོའི་གསལ་བསྒྲགས།

གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མ་དང་གཞི་རིམ་གོང་མའི་སློབ་ཕྲུག་རྣམས་ཀྱིས་གཙོས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གཞོགས་འདེགས་རྒྱུ་ཆ་མཁོ་འདོན་ཆེད། ཨ་རིའི་ཐད་ཀའི་རོགས་དངུལ་འོག་ས་རཱ་བོད་ཀྱི་མཐོ་སློབ་དང་མཉམ་འབྲེལ་གྱིས་གྲགས་ཅན་སྒྲུང་དེབ་ ༥༠ ཙམ་བོད་སྒྱུར་བྱ་འཆར་ཡོད་ན། ལས་འཆར་དེའི་ཆེད་བོད་སྒྱུར་བ་ ༥ དང་། རི་མོ་བ་ ༡ བཅས་ལོ་གཉིས་རིང་ཆོད་གན་ངོ་བོར་བསྐོ་གཞག་བྱ་འཆར་ཡོད་པས། བོད་སྒྱུར་གྱི་ཉམས་མྱོང་ཡོད་པ་དང་བྱིས་སྒྲུང་རྩོམ་འབྲི་ལ་དོ་སྣང་ཡོད་པ་རྣམས་ཀྱིས་ཕྱི་ལོ་༢༠༢༠ ཟླ་ ༧ ཚེས་ ༣༡ འགྱངས་མེད་འཚང་སྙན་འབུལ་འཐུས།

ཐུགས་སྣང་དགོས་གལ།

༡་༡ ཕྱི་ལོ་༢༠༢༠ ཟླ་ ༨ ཟླ་མཇུག་ཏུ་བྱིས་པའི་སྒྲུང་དེབ་དང་འབྲེལ་བའི་ཟབ་སྦྱོང་སྤྲོད་རྒྱུ།
༡་༢ ཕྱི་ལོ་༢༠༢༠ ཟླ་ ༩ ཚེས་ ༡ ནས་དངོས་སུ་ལས་དོན་འགོ་འཛུགས་ཞུ་རྒྱུ།
༡་༣ ས་རཱ་བོད་ཀྱི་མཐོ་སློབ་ཏུ་ལས་ཁུངས་ཆེད་འཛུགས་ཀྱིས་ལས་ཡུལ་གོ་སྒྲིག་ཞུ་རྒྱུ།
༡་༤ སློབ་སྦྱོང་དང་ལས་དོན་ཉམས་མྱོང་ལ་གཞིགས་ཏེ། ཞབས་གླ་འབུལ་རྒྱུ།
༡་༥ རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་དབང་གིས། ཡིག་རྒྱུགས་གཏོང་ཕྱོགས་ཐད་སྐབས་བབ་གནས་སྟངས་ལ་གཞིགས་ཏེ་སྒེར་འབྲེལ་གསལ་བརྡ་འབུལ་རྒྱུ།

དགོས་ངེས་ཆ་རྐྱེན།

༢༌༡། ཤེས་ཚད་ལག་ཁྱེར་དང་། ཉམས་མྱོང་ཡིག་ཆ།
༢༌༢། འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། མཐའ་མ།
༢༌༣།སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
༢་༤།འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་བོད་རྒྱ་སྨན་ཁང་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་དོ་བདག་གི་ཕྱེད་པར་ཐོག་དག་མཆན་འཁོད་པ།
༢༌༥། རང་ཉིད་ཀྱི་ད་ལྟའི་ཕྱེད་པར་གཉིས།
༢༌༦། གལ་ཏེ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།

སྙན་འབུལ་བ་རྣམས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ འགྱངས་མེད་འཚང་སྙན་འབུལ་ཟིན་པ་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༢༠ ཟླ་ ༧ ཚེས་ ༩ ལ།

འཚང་སྙན་འབུལ་ཡུལ།

Secretary
Department of Education
Central Tibetan Administration
Dharamshala, Distt. Kangra
(HP) 176215
Email: [email protected] / [email protected]

སྔོན་མ།
ཕྱི་ལོ་ ༢༠༢༠ ལོའི་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
༄༅། །གཞི་རིམ་སློབ་མའི་རྩོམ་འབྲི་དང་དཔེ་ཀློག་བྱ་འགུལ་ལེགས་གྲུབ་བྱུང་བ།
Menu