ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་ཚན་རིག་སློབ་དེབ་ངོ་སྤྲོད་ཟབ་སྦྱོང་།

གསར་འཕྲིན།

 ༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༢ ཚེས ༡༨ ནས་ ༢༠ བར་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་སྐྱ་གསོལ་མགྲོན་ཁང་དུ་གཞི་རིམ་འོག་མའི་ཚན་རིག་སློབ་དེབ་གསར་པ་ངོ་སྤྲོད་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད་པ་རེད།
ཟབ་སྦྱོང་སློབ་ཁྲིད་གནང་མཁན་དྷ་སྟེང་བོད་ཁྱིམ་གྱི་ཚན་དགེ་བསྟན་འཛིན་དངོས་གྲུབ་ལགས་དང་། ཤེས་རིག་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་འཕྲིན་ལས་དབང་འདུས་ལགས་རྣམ་གཉིས་ནས་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་གཏན་འབེབས་གནང་བའི་ཚན་རིག་སློབ་དེབ་གསར་པའི་ནང་དོན་སློབ་ཚན་ཁག་ངོ་སྤྲོད་དང་འབྲེལ་བའི་སློབ་ཁྲིད་བྱེད་ཕྱོགས་དང་ཐབས་ལམ་བཅས་ཁྲིད་དང་ཉམས་མྱོང་བརྗེ་རེས་གནང་ཡོད་པ་རེད།
ད་ལན་ཟབ་སྦྱོང་ནང་མོན་གྷོ་ས་གནས་སློབ་ཁག་ནས་གཞི་རིམ་འོག་མའི་དགེ་རྒན་ ༥ དང་ཀོ་ལི་གྷལ་དང་ཧུན་སུར་སློབ་ཁག་ནས་དགེ་རྒན་རེ། སྦོལ་ཀོབ་སམ་བྷོ་ཊ་དང་བོད་ཁྱིམ་བཅས་ནས་དགེ་རྒན་ ༡༠ བཅས་ཉམས་ཞུགས་གནང་ཡོད་པ་རེད། དེའི་རྗེས་སུ་མ་སུ་རི་དང་དྷ་ས་གཡས་གཡོན་སློབ་ཁག་ནང་ངོ་སྤྲོད་གནང་འཆར་ཡོད་པ་བཅས།།

སྔོན་མ།
གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་མཇུག་བསྒྲིལ་བ།
ཕྱི་མ།
ཤེས་ཡོན་འགན་འཛིན་རྣམ་པའི་ཚོགས་འདུ།
Menu