ཟླ་རེའི་གསར་འགྱུར།

དམིགས་བསལ་རྩོམ་འབྲིའི་གསལ་བསྒྲགས།

གསར་འཕྲིན།, གསལ་བསྒྲགས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད་ཨ་རིར་གནས་བཞུགས་ཕུར་བུ་སྒྲོལ་མ་ལགས་ཀྱི་མཐུན་འགྱུར་འོག ཕྱི་ལོ་ ༢༠༢༢ ལོ་ནས་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཁག་དང་། དེ་མིན་རྒྱ་གར་གྱི་མཐོ་སློབ་ནང་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་གི་གནས་ཚད་ཡར་རྒྱས་དང་། ཤེས་ཡོན་བརྗེ་རེས། རྩོམ་ཡིག་འབྲི་བར་སྐུལ་ལྕག་ཐེབས་ཆེད་རྩོམ་འབྲིའི་ལས་རིམ་ཞིག་ལོ་གསུམ་རིང་སྤེལ་བཞིན་པ་ལྟར་ཡང་། འདི་ལོར་ཐེངས་གཉིས་པའི་རྩོམ་འབྲིའི་ལས་རིམ་དུ་ཁྱབ་ཁོངས་རྒྱ་ཆེ་རུ་དང་རྩོམ་ཡོན་ཅུང་ཟད་སྤར་ཏེ། གཞི་རིམ་སློབ་གྲྭའི་དགེ་རྒན་དང་། བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཁག རྒྱ་གར་གྱི་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག དེ་བཞིན་གཞི་རིམ་སློབ་གྲྭའི་འཛིན་རིམ་ ༩ ནས་ ༡༢ བར་གྱི་སློབ་ཕྲུག་བཅས་མཉམ་ཞུགས་ཆོག་པ་ཡིན།

རྩོམ་ཡིག་གི་བརྗོད་གཞི།

༼ ༸གོང་ས་མཆོག་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་།གངས་ཅན་པ་མི་རེ་ངོ་རེ་ནས་ཁོང་ལ་དྲིན་ལན་ཇི་ལྟར་གཞལ་དགོས་པའི་སྐོར།༽

༡༽ འདེམས་སྒྲུག དུས་ཚོད་རྒྱས་བཅད་ནང་རྩོམ་ཡིག་འབྱོར་བ་ཁག་དཔྱད་འདེམས་པར་ཕུལ་སྟེ་རྩོམ་ཡིག་ ༤༥ དྲག་འདེམས་བྱེད་རྒྱུ་ཡིན། (དགེ་རྒན་གྱི་རྩོམ་ཡིག་ ༡༥ དང་། མཐོ་རིམ་སློབ་ཕྲུག་གི་རྩོམ་ཡིག་ ༡༥ ། གཞི་རིམ་སློབ་གྲྭའི་འཛིན་རིམ་ ༩ ནས་ ༡༢ བར་གྱི་རྩོམ་ཡིག་ ༡༥ )

༢༽ རྩོམ་ཡོན། དགེ་རྒན་ལ་རྩོམ་ཡོན་ཧིན་སྒོར་ ༧༠༠༠/- མཐོ་རིམ་སློབ་ཕྲུག་ལ་རྩོམ་ཡོན་ཧིན་སྒོར་ ༦༠༠༠/- གཞི་རིམ་སློབ་གྲྭའི་འཛིན་རིམ་ ༩ ནས་ ༡༢ བར་གྱི་སློབ་ཕྲུག་ལ་རྩོམ་ཡོན་ཧིན་སྒོར་ ༥༠༠༠/- རེ་འབུལ་རྒྱུ་དང་། དྲག་འདེམས་བྱུང་བའི་རྩོམ་ཡིག་རྣམས་ཕྱོགས་བསྡེབས་ཀྱིས་དེབ་གཟུགས་སུ་པར་སྐྲུན་ཞུ་རྒྱུ་མ་ཟད། དགེ་རྒན་དང་སློབ་ཕྲུག་ཚོར་ཕྱག་ཁྱེར་རེ་འབུལ་རྒྱུ་བཅས་ཡིན།

༣༽ དུས་ཡུན། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༠ ནས་ཟླ་ ༨ ཚེས་ ༡༠ བར་ཡིན། དེའི་རྗེས་སུ་འབྱོར་རིགས་ལ་ངོས་ལེན་ཞུ་རྒྱུ་མིན།

Download PDF File

སྔོན་མ།
ཤེས་རིག་ལས་ཁུངས་ནས་བོད་མིའི་དམིགས་བསལ་ཤེས་ཡོན་སློབ་ཁྲིད་པའི་འབྲེལ་ལམ་ཚོགས་འདུ་གོ་སྒྲིག་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༢༣ ལོར་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་གསལ་བསྒྲགས།
Menu