ཟླ་རེའི་གསར་འགྱུར།

དྷ་ས་དང་མ་སུ་རི་མངའ་ཁུལ་གྱི་གཞི་རིམ་འོག་མའི་ཚན་རིག་སློབ་དེབ་རྒྱུས་སྟོན་ཟབ་སྦྱོང་།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་གོ་སྒྲིག་ལྟར། ཕྱི་ལོ་༢༠༡༧ ཟླ་ ༣ ཚེས ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་རིང་དྷ་ས་དང་མ་སུ་རི་མངའ་ཁུལ་གྱི་གཞི་རིམ་འོག་མའི་ཚན་རིག་སློབ་དགེ་རྣམས་ལ་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་རྩོམ་སྒྲིག་བྱས་པའི་ཚན་རིག་སློབ་དེབ་གསར་པ་རྒྱུས་སྟོན་གྱི་ཟབ་སྦྱོང་ཞིག་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་ཏུ་གོ་སྒྲིག་ཞུས།
དེ་ཡང་ཟབ་སྦྱོང་སློབ་ཁྲིད་གནང་མཁན་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་དྷ་སྟེང་བོད་ཁྱིམ་གྱི་ཚན་རིག་སློབ་དགེ་བསྟན་འཛིན་དངོས་གྲུབ་ལགས་དང་། སུ་ཇ་བོད་ཁྱིམ་གྱི་ཚན་རིག་སློབ་དགེ་ཉི་མ་ཚེ་རིང་ལགས། ཚན་རིག་སློབ་དེབ་རྩོམ་སྒྲིག་པ་འཕྲིན་ལས་དབང་འདུས་ལགས་བཅས་ཡིན་ཞིང་། ཁོང་རྣམས་ཀྱིས་ཤེས་ཡོན་སྲིད་བྱུས་དགོངས་དོན་འོག་གཏན་ལ་ཕབ་པའི་བསླབ་གཞིའི་རྩ་འཛིན་ལྟར་རྩོམ་སྒྲིག་བྱས་པའི་ཚན་རིག་སློབ་དེབ་གསར་པའི་ནང་དོན་ཁག་ངོ་སྤྲོད་དང་། སློབ་ཁྲིད་བྱེད་ཕྱོགས་དང་ཐབས་ལམ་བཅས་ཟབ་ཁྲིད་དང་ཉམས་མྱོང་བརྗེ་རེས་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་གཞི་རིམ་འོག་མའི་ཚན་རིག་དགེ་རྒན་གྲངས་  ༡༩ མཉམ་ཞུགས་གནང་ཡོད།

སྔོན་མ།
སློབ་སྡེ་ཁག་གི་བོད་ཡིག་རྒྱུས་སྟོན་པའི་ཚོགས་འདུ།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ལྔ་པ་ཚོགས་པ།
Menu