ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༢ ལོའི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་གྲུབ་འབྲས་གསལ་བསྒྲགས།

གསར་འཕྲིན།, གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྡེ་ཚན་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༠༥ ཉིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དབུ་བཞུགས་ཐོག་སློབ་ཡོན་ཚོགས་ཆུང་གི་ཚོགས་མི་དང་སློབ་ཡོན་སྡེ་ཚན་གྱི་ལས་བྱེད་རྣམས་ཚང་འཛོམས་ཀྱིས་ཚོགས་འདུ་ཚོགས་ཡོད་པ་དང་། འདི་ལོར་ཤེས་རིག་སློབ་ཡོན་ཚོགས་ཆུང་ལ་འོས་ཆོས་ལྡན་པའི་ཚང་སྙན་འབུལ་མཁན་གྲངས་ ༣༠༦ གིས་དྲ་རྒྱ་བརྒྱུད་དུས་ཐོག་ཚང་སྙན་ཕུལ་ཡོད།

སློབ་ཡོན་ཚོགས་ཆུང་གི་ངོས་ནས་ཉེ་བའི་རབ་འབྱམས་པ་དང་། ལས་རིགས་སློབ་སྦྱོང་། ཌིབ་ལོ་མ་བཅས་ཀྱི་སློབ་སྦྱོང་ཆེད་དུ་ཚང་སྙན་འབུལ་མཁན་རྣམས་ལ་བསྐྱར་ཞིབ་ཀྱིས་ཁྱོན་སློབ་ཕྲུག་གྲངས་ ༢༨༧ བདམས་ཡོད་པ་གཤམ་གསལ་ལྟར་ཡིན།

DOE UG Scholarship Results 2022 Updated
སྔོན་མ།
ཕྱི་ལོ་ ༢༠༢༢ ལོའི་སྲིད་སྐྱོང་གཟེངས་བསྟོད་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་གི་བདེ་འཇགས་དང་སྲུང་སྐྱོབ་ཐོག་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu