ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༤ ལོའི་ UWC སློབ་ཡོན་དུས་བཀག་ཕར་འགྱང་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། United World College ( UWC ) ཚོགས་པའི་ཁྱབ་ཁོངས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་བཅོ་བརྒྱད་ནང་ཡོད་པའི་མཐོ་སློབ་ཁག་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༢༤ ལོར་རང་རེ་བོད་ཕྲུག་ལ་གོ་སྐབས་གནང་རྒྱུ་ཡིན་འདུག་ན། ཤེས་རིག་ལས་ཁུངས་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་ UWC ཚོགས་ཆུང་གཉིས་ཟུང་འབྲེལ་ཐོག་རྒྱ་གར་དུ་ཡོད་པའི་བོད་ཕྲུག་འདེམས་སྒྲུག་བྱ་རྒྱུ་དང་། སློབ་ཡོན་ལས་གཞི་འདིའི་ཁོངས་སུ་ཞུགས་འདོད་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༢ མཚན་མོའི་ཕྱག་ཚོད་ ༡༡༌༥༩ ནང་ཚུན་གཤམ་གསལ་སྦྲེལ་ཐག་གམ། ཡང་ན་གསང་བའི་དྲྭ་མིག་ལ་བཤེར་འབེབས་ཀྱིས་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པ་དྲྭ་ཐོག་ཁོ་ནའི་བརྒྱུད་འབུལ་དགོས།

https://forms.gle/wRLFFLVcdZzJs6Bj9

སློབ་ཡོན་གྱི་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡། འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་ཕ་མའི་དཔྱ་དངུལ་ཕྱི་ལོ་ ༢༠༢༣ ཟླ་ ༣ བར་གཙང་ ཕུལ་ཟིན་པ་དགོས། ༼འཚང་སྙན་འབུལ་མི་རྣམས་ནས་“འགེངས་ཤོག ཀ“ ཞིབ་བཀང་གིས་དྲྭ་ཐོག་བརྒྱུད་འབུལ་དགོས།༽
༢། འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པའམ་བཅུ་གཅིག་ནས་ཡིན་པའི་ཐོག་ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༡ ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༠༡ བར་སྐྱེས་པ་ཞིག་དགོས། སྐྱེས་ཚེས་ལག་འཁྱེར་དྲྭ་ཐོག་འགེང་ཤོག་ནང་འཇུག་དགོས། ༼ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༠༡ ཉིན་རང་ལོ་ ༡༦ ནས་ ༡༨ ཧྲིལ་པོ་ལོན་པ་ཞིག་དགོས།༽
༣། མཉམ་སྦྱར་ཞུས་པའི་ UWC འཚང་སྙན་འགེངས་ཤོག་རྣམས་ཞིབ་བཀང་གིས་དྲྭ་ཐོག་བརྒྱུད་འཇུག་དགོས།

UWC Application Form ( M.S Excel  ): ༼ སློབ་ཕྲུག་དོ་བདག་གིས་འགེང་དགོས་པ་དང་དམར་རྟགས་བཀོད་པ་རྣམས་ངེས་པར་དུ་འགེང་དགོས། འདི་མཉམ་དོ་བདག་སློབ་ཕྲུག་གི་ཕ་མའམ་འགན་ཁུར་བས་ཆོག་མཆན་གནང་བའི་འགེང་ཤོག་ཡང་འགེང་དགོས།༽

UWC School Declaration Form: (M.S Words): ༼སློབ་ཕྲུག་སོ་སོས་བསྐོ་འཛུགས་བྱས་པའི་དགེ་རྒན་གྱིས་འགེང་དགོས། སློབ་གྲྭའི་ལས་དམ་ངེས་པར་དུ་གནན་དགོས། ༽

༤། འཛིན་རིམ་དགུ་པའི་ཡིག་རྒྱུགས་ཀྱི་ཨང་ཐོབ་ཤོག་ལྷེ་ངེས་པར་དུ་འཇུག་དགོས་པ་དང་། འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་ཨང་ཐོབ་ཤོག་ལྷེ་ཡོད་ཚེ་མཉམ་དུ་འཇུག་དགོས།
༥། སློབ་ཕྲུག་དོ་བདག་སོ་སོའི་ཕྱེད་པར་ཁ་གསར་རེ་འགེང་ཤོག་ནང་འཇུག་དགོས།
༦། ཕྱི་བསྐྱོད་ལག་དེབ་སེར་པོ་ (IC) ཡི་ངོ་བཤུས་ངེས་པར་དུ་འཇུག་དགོས་པ་དང་། གལ་ཏེ་གསར་བཟོའི་ལས་དོན་འགྲོ་བཞིན་ཡོད་ཚེ་གསར་བཟོའི་ཆེད་སྙན་ཞུ་ཕུལ་བའི་བྱུང་འཛིན་འགེང་ཤོག་ནང་འཇུག་དགོས།
༧། འཚང་སྙན་འབུལ་མི་རྣམས་ཀྱིས་འཛིན་རིམ་བཅུ་པའི་སློབ་ཚན་ཁོངས་བོད་ཀྱི་སྐད་ཡིག་ཡོད་པའམ། ཡང་ན་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༡༠ ཚེས ༢༧ ཉིན་འཛིན་རིམ་བཅུ་པའི་བོད་ཡིག་ཚད་མཉམ་ཡིག་རྒྱུགས་གོ་སྒྲིག་ཞུས་པའི་ནང་མཉམ་ཞུགས་ཀྱིས་ཡིག་རྒྱུགས་འཕྲོད་པ་ཞིག་དགོས།

བདམས་ཐོན་བྱུང་བའི་སློབ་ཕྲུག་རྣམས་བཅར་འདྲིར་ཞུགས་དགོས་ཤིང་། དུས་ཚོད་དང་འཚོགས་ཡུལ་རྗེས་སུ་བརྡ་ལན་འབུལ་རྒྱུ།

དོགས་འདྲི་ཞུ་ཡུལ།
བསོད་ནམས་བཟང་མོ། [email protected] ༩༨༨༢༣༢༢༧༩༧
བློ་བཟང་དར་རྒྱས། [email protected] ༩༨༠༥༦༨༨༤༡༤
ཤེས་རིག་སློབ་ཡོན་ཚན་པ་ནས་ཕྱི་ལོ་ ༢༠༢༣ ཟླ་  ཚེས་ ༡༩ ལ།
Department of Education, CTA
Gangchen Kyishong, Dharamsala – 176215
District Kangra, Himachal Pradesh, India
Website: www.sherig.org

སྔོན་མ།
བྱང་ཤར་ཁུལ་དང་ལྷོ་ཁུལ་བཅས་ཀྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འགོ་འཛུགས་གནང་བ།
ཕྱི་མ།
གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ་ལེགས་གྲུབ་ཟིན་པ།
Menu