ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ་ལེགས་གྲུབ་ཟིན་པ།

གསར་འཕྲིན།

༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་ ༡༠  ཚེས་ ༣༠ ནས་ ཟླ་ ༡༡ ཚེས་ ༣  བར་ཉིན་ལྔའི་རིང་ཤེས་རིག་ཚོགས་ཁང་དུ་གཞི་རིམ་འོག་མའི་འཛིན་རིམ་གཉིས་པ་དང་གསུམ་པའི་བོད་ཡིག་སློབ་དེབ་གཏན་འབེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་དང་། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས། སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། གཞི་རིམ་འོག་མའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་མིང་ཆུང་ལགས་དང་ངག་དབང་སྦྱིན་པ་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་བཟང་པོ་ལགས་དང་གཞི་རིམ་འོག་མའི་བོད་དགེ་ཡེ་ཤེས་དཔལ་ལྡན་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་གཞི་རིམ་འོག་མའི་བོད་དགེ་པ་སངས་ཚེ་རིང་ལགས་དང་བསྟན་འཛིན་ཆོས་མཚོ་ལགས། སུ་ཇཱ་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་འཇམ་མགོན་ལགས། དྷ་ཤོད་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་དཔལ་སྐྱིད་ལགས་བཅས་ལྷན་འཛོམས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་། ཕྱི་ལོ་ ༢༠༢༡ ལོར་གཏན་འབེབས་གནང་བའི་སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ལྟར་བསྐྱར་ཞིབ་ཞུས་པ་བཞིན། བོད་ཡིག་སློབ་དེབ་རྩོམ་སྒྲིག་པས་རགས་ཟིན་རྩོམ་སྒྲིག་ཞུས་པའི་འཛིན་རིམ་གཉིས་པ་དང་གསུམ་པའི་བོད་ཡིག་སློབ་དེབ་སྟེང་གོ་བསྡུར་སྦྱངས་བཤད་ཀྱིས་སྣོན་འཕྲི་སྤོར་གཅོག་གིས་གཏན་འབེབས་གནང་བ་དང་། ཕྱི་ལོ་ ༢༠༢༤ སློབ་དུས་ནས་ལག་བསྟར་གནང་འཆར་ཡོད་པ་རེད།

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ཀྱི་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས། །

སྔོན་མ།
ཕྱི་ལོ་ ༢༠༢༤ ལོའི་ UWC སློབ་ཡོན་དུས་བཀག་ཕར་འགྱང་གསལ་བསྒྲགས།
ཕྱི་མ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་གོ་རྟོགས་ལས་རིམ་ལེགས་གྲུབ་ཟིན་པ།
Menu